ལེ་ཧྥུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་དཔལ་ཡོན་ལྡན་པའི་མཚོ་ལྷོ་བསྐྲུན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-06 10:31:00 ཀློག་གྲངས།:


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲོན་གྱིས་དངུལ་རྩའི་ལས་རིགས་ཀྱི་ཞབས་ཞུའི་
བྱ་འགུལ་ལ་གཟིགས་ཞིབ་གནང་བཞིན་པ།

  ཟླ3པའི་ཚེས5ཉིན། ལེ་ཧྥུན་གྱི་བླ་ན་མེད་པའི་མཛད་རྗེས་དང་རླབས་ཆེ་བའི་སྙིང་སྟོབས་ཁྱབ་སྒྲོག་སློབ་སྦྱོང་བྱས་ཏེ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོར་འདེགས་དང་དཔལ་ཡོན་ལྡན་པའི་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་ཆེད་དུ་མཚོ་ལྷོ་ཁུལ་གྱི་ལས་ཁུངས་སོ་སོའི་ལས་བྱེད་མི་སྣ་དང་དང་བླངས་བ་རྣམས་ཀྱིས་གསེར་ཆེན་རྫོང་མཚོ་སྔོན་པོའི་ཐང་ཆེན་དུ་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་རེད།
  ཐེངས་འདིའི་བྱ་འགུལ་སྟེང་ཁུལ་ཡོངས་ཀྱི་ལས་བྱེད་མི་སྣ་དང་དང་བླངས་བ་རྣམས་ཀྱིས་སོ་སོའི་ལས་སྒོའི་ཤེས་བྱ་དང་འབྲེལ་ནས་ཁྲིམས་ལུགས་བློ་འདོན་ཞབས་ཞུ་དང་། འགྲིམ་འགྲུལ་བདེ་སྲུང་། སྨན་བཅོས་སྣེ་སྟོན་སོགས་དམངས་བདེ་དང་དམངས་ཕན་གྱི་ཞབས་ཞུ་སྣ་ཚོགས་བསྒྲུབས་པས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དུ་མ་ཁྱད་དུ་བསད་དེ་ཁོང་ཚོར་མཐུན་རྐྱེན་གང་ལེགས་བསྐྲུན་པ་རེད།
  ཐེངས་འདིའི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་ལག་ལེན་བྱ་འགུལ་བརྒྱུད་ནས་ཁུལ་ཡོངས་ཀྱི་ལས་བྱེད་མི་སྣ་དང་མི་དམངས་མང་ཚོགས་ཀྱིས་ལེ་ཧྥུན་གྱི་གཞན་དོན་ལྷུར་ལེན་མཛད་པའི་སྙིང་སྟོབས་དང“ཁབ་གསོག་འབིག་དང་འབིག་གསོག་གྲི”ཞེས་པའི་ཧུར་བརྩོན་གྲོན་ཆུང་གི་སྲོལ་བཟང་ལ་སློབ་སྦྱོང་བྱེད་པའི་དོན་སྙིང་རྟོགས་པར་མ་ཟད། ང་ཚོས་ལེ་ཧྥུན་གྱི་ལས་བཀུར་བློས་གཏོང་གི་སྙིང་སྟོབས་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བློ་ཐག་ཇེ་བརྟན་དུ་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།