པདྨ་བསམ་གྲུབ་ལ2011ལོའི་མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-12 10:43:00 ཀློག་གྲངས།:


གླུ་བ་པདྨ་བསམ་གྲུབ་ལ“མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ”ཐོབ་པ།

  སྐབས་གསུམ་པའི“མཆོག་ཏུ་གྱུར་བའི་གླུ་གཞས་བསྒྲགས་ཐོ”ཡི2011ལོའི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་མཆོག་ཏུ་གྱུར་བའི་གླུ་གཞས་བཅུ་དང་། སྣ་གཅིག་བྱ་དགའ་ཁག  མི་སྒེར་གྱི་བྱ་དགའ་ཐོབ་མཁན་བཅས་ཁྱབ་བསྒྲགས་བྱས་ནས་བྱ་དགའ་གནང་བ་རེད། དེའི་ཁྲོད་བོད་ཀྱི་གླུ་བ་གྲགས་ཅན་པདྨ་བསམ་གྲུབ་ལགས་ཀྱིས2011ལོར་ཆེད་སྒྲིག་བརྙན་འཁོར་ཐོག་མ་སྟེ《ཟླ་བ་གཡུ་མཚོ》ཞེས་པ་འགྲེམ་སྤེལ་བྱས་པར་བརྒྱུད་ནས“མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ”ཐོབ་པ་རེད།
  གླུ་བ་པདྨ་བསམ་གྲུབ་ལགས་ཀྱི《ཟླ་བ་གཡུ་མཚོ》ཞེས་པའི་བརྙན་འཁོར་ལ་གྲུབ་འབྲས་ལེགས་པོ་ཐོན་པས་ཁོང་ལ“གཞས་སྟེགས་ཀྱི་ཅང་ཤེས”ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་། ཁོང་གི་ཐུན་མོང་མ་ཡིན་པའི་སྐད་ངག་དང་བརྙན་འཁོར་སྒྲིག་བཟོའི་ཆུ་ཚད་སོགས་ལ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར། གླུ་བ་པདྨ་བསམ་གྲུབ་ལགས་ཀྱིས་བཤད་རྒྱུར་འདི་ལྟ་བུའི་གྲུབ་འབྲས་བླངས་པ་ནི་ཁོང་གི་གླུ་གཞས་ལ་སྤྲོ་བའི་ཉན་མཁན་རྣམ་པར་རག་ལས་ཤིང་རྗེས་ཕྱོགས་མུ་མཐུད་དུ་བརྩོན་པ་བྱས་ནས་ཀུན་གྱི་སྙན་ལམ་དུ་སྔར་ལས་ལྷག་པའི་གླུ་གཞས་ཤིག་འབུལ་ངེས་ཡིན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།