བློ་བཟང་བཀྲ་ཤིས་ཀྱི་མིང་དུ་གྲགས་པའི་ལག་བཟོའི་སྒྱུ་རྩལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-13 09:23:00 ཀློག་གྲངས།:


ཟངས་ལས་བཟོ་བསྐྲུན་གནང་བའི་གཡག

          ཟླ3པའི་ཚེས9ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་སྲེན་ཕིང་གྲོང་རྡལ་དུ་ལོ་ན48ཡིན་པའི་ལག་བཟོ་པ་བློ་བཟང་བཀྲ་ཤིས་ཀྱིས་ཟངས་ཀྱི་གཡག་ཞིག་བཟོ་སྐྲུན་གནང་གིན་ཡོད་ཅིང་།  ཁོ་བོ་ནི་གནས་དེར་མིང་དུ་གྲགས་པའི་ལག་བཟོ་སྒྱུ་རྩལ་པ་ཞིག་ཡིན། ཁོའི་བརྩམས་ཆོས་ཁ་བ་དཀར་པོ་ཞེས་པའང་མིང་དུ་གྲགས་ཡོད་པ་མ་ཟད་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ཉར་བསྡུ་བྱས།


རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ཉར་བསྡུ་བྱས་པའི་བརྩམས་ཆོས་ཁ་བ་དཀར་པོ།

          བློ་བཟང་བཀྲ་ཤིས་ཀྱིས་རང་གི་ལག་བཟོའི་སྒྱུ་རྩལ་ལ་བརྟེན་ནས་འཚོ་བ་རོལ་ཞིང་ལོ་རེའི་ཡོང་སྒོ་སྒོར་འབུམ་ལྔ་སྟེ་ཨ་སྒོར79250ལོན་གྱི་ཡོད་པ་དང་།  གཏམ་དཔེ་ལ།  ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། མ་བསྡུས་པར་ཡང་རང་ཉིད་འདུ། །. དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར།  ཁོ་རང་ཉིད་ལ་སྒྱུ་རྩལ་གྱི་ཡོན་ཏན་དེ་ལྡན་པའི་དབང་གིས་ས་གནས་ཀྱི་མི་གང་མང་ཞིག་ཁོ་བོའི་རྗེས་འབྲངས་ཏེ་ལག་བཟོ་སྒྱུ་རྩལ་པ་ཞིག་བྱེད་ཐུབ་པར་བརྩོན་པ་བསྐྱེད་ཀྱི་ཡོད་པ་རེད། 


ལག་བཟོ་སྒྱུ་རྩལ་གྱི་ལས་ལ་གཞོལ་བའི་ཚུལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།