《གེ་སར་རྒྱལ་པོའི》བྲོ་གར་ཐོག་མ་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-15 08:50:00 ཀློག་གྲངས།:


《གེ་སར་རྒྱལ་པོའི》བྲོ་གར་ཐོག་མ་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་བྱེད་པ།

  ཟླ3པའི་ཚེས13ཉིན། བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ《གེ་སར》གཞིར་བྱས་ནས་ལོ་ངོ་གསུམ་རིང་དུ་བསྒྲིགས་པའི་མི་རིགས་ཀྱི་བྲོ་གར་ཆེན་མོ《གེ་སར་རྒྱལ་པོ》རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་བྱས་པ་རེད། འདི་ནི་ཞབས་བྲོ་དང་། རྩལ་རྩེད། སྒྲུང་བཤད་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་འདུས་པའི་བྲོ་གར་ཆེན་མོ་ཞིག་ཡིན་ཞིང་། ལྟད་མོ་བ་རྣམས་ཀྱིས་ལག་ཟུང་ཐལ་མོ་རྡེབ་ནས་དགའ་བསུ་ཆེན་པོ་བྱས།
  《གེ་སར》ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་ལྷ་སྒྲུང་དང་། གཏམ་རྒྱུད། དམངས་ཁྲོད་གནའ་གཏམ། དམངས་གླུ། གཏམ་དཔེ་བཅས་གཅིག་ཏུ་འདུས་པའི་བོད་མི་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སུ་བདམས་ཡོད་ལ།“ཤར་ཕྱོགས་ཀྱི་ཧཱི་མའི་ལོ་རྒྱུས་སྙན་རྩོམ”ཞེས་ཀྱང་འབོད།


གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོ།

རྔ་བྲོ་འཁྲབ་སྟོན་བྱེད་བཞིན་པ།

  རྒྱུས་ལོན་བྱུང་བ་ལྟར་ན《གེ་སར་རྒྱལ་པོའི》བྲོ་གར་ཐོག་མ་འདི་ནི་ཁྲིན་ཏུའུ་དམག་ཁུལ་གྱི་རིག་རྩལ་ཚོགས་པས་མ་དངུལ་འབོར་ཆེན་བཏང་ནས་ལོ་ངོ་གསུམ་གྱི་གསར་རྩོམ་བྱས་པ་ཡིན་ལ། རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོར་ཐེངས་གསུམ་ལ་འཁྲབ་སྟོན་བྱས་རྗེས་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་རེད།
  བྲོ་གར་ཆེན་མོ་འདིའི་ཁྲོད“མི་ཡུལ་དུ་བྱོན་པ”དང་། “རྟ་རྒྱུག་རྒྱལ་འཇོག” “རི་ཆུར་གནོད་འཚེ་ཐེབས་པ”།  “གླིང་གི་གཡུལ་འགྱེད”།  “གངས་རིའི་དཔའ་རྒོད”བཅས་རིམ་པ་གསུམ་དུ་ཕྱེས་ནས་འཁྲབ་སྟོན་བྱས་ཤིང་། དེར་མ་ཟད་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་གླུ་གཞས་ལ་བརྟེན་ནས་རྫོངས་སྟུག་པོའི་བོད་ཀྱི་རིག་གནས་མངོན་པར་མཚོན་པ་དང་མཉམ་དུ། བོད་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་ཁྲོད་དེང་རབས་ཀྱི་གྲུབ་ཆ་དག་གསར་དུ་བསྣན་ནས་ལྟ་བས་མི་ངོམས་པའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས།
  ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང“གེ་སར”ཞིབ་འཇུག་ཁང་གི་ཀྲུའུ་རིན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བཤད་རྒྱུར《གེ་སར་རྒྱལ་པོའི》བྲོ་གར་ཆེན་མོ་འདིས་འཛམ་གླིང་སྟེང་ལོ་རྒྱུས་སྙན་རྩོམ་བརྩམས་ཆོས་གྱི་བྲོ་གར་མེད་པའི་སྟོངས་ཆ་བསྐངས་པར་མ་ཟད། སྐད་བརྡའི་བཀག་རྐྱེན་ལས་བརྒལ་ཏེ་ལུས་པོའི་ཉམས་འགྱུར་ལ་བསྟན་ནས་མཚོན་པར་བྱས་པས་གསོན་ཉམས་ལྡན་པའི་ངང་གླིང་གེ་སར་རྒྱལ་པོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་དག་རྟོགས་ཐུབ་ཅེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།