མདོ་སྨད་རེབ་གོང་གི་འཇིམ་བརྙན་ལྷ་རིས་པ་ཤ་བོ་སྐྱབས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-16 09:08:00 ཀློག་གྲངས།:


ལྷ་རིས་པ་ཤ་བོ་སྐྱབས་ལགས་དང་ཁོང་གིས་བཞེངས་པའི་ལྷ་སྐུ། 

  ཤ་བོ་སྐྱབས་ནི་མདོ་སྨད་རེབ་གོང་སྒྱུ་རྩལ་གྱི་ཕ་ས་རུ་སྐྱེས་པའི་དམངས་ཁྲོད་ལག་བཟོའི་ལྷ་རིས་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་ཆུང་དུས་ནས་ཨ་ཕའི་རྗེས་འབྲང་ནས་འཇིམ་བརྙན་དང་། ཐང་ག  ལྡེབས་རིས་སོགས་ཀྱི་བཟོ་རྩལ་གང་མང་སྦྱངས། ལོ་ངོ་ཉི་ཤུ་ལྷག་གི་སྒྱུ་རྩལ་གྱི་ལག་ལེན་བརྒྱུད་ནས་བཟོ་རྩལ་ཁྱད་དུ་འཕགས་པར་གྱུར་འདུག་པས། རྒྱལ་ནང་དུ་བྱ་དགའ་ཐེངས་མང་པོར་ཐོབ་པ་རེད། མིག་སྔར་ཁོང་ནི་རྒྱལ་ཁབ་རིམ་པའི“གཟུགས་འདས་ཤུལ་བཞག་རིག་གནས”ལས་གཞིའི་སྒྱུ་རྩལ་རྒྱུན་འཛིན་པ་ཡིན་ལ། ཁོང་གི་བརྩམས་ཆོས་མཚོ་སྔོན་དང་། ཀན་སུའུ། པེ་ཅིན་སོགས་ཀྱི་དགོན་པ་རྣམས་སུ་མཐོང་ཐུབ་པ་རེད།
  ལྷ་རིས་སྒྱུ་རྩལ་པ་ཤ་བོ་སྐྱབས་ལགས་ཀྱིས་སློབ་མ20ལྷག་བསྡུས་ནས་ལྷ་རིས་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་དང་མཉམ་དུ། ཁོང་གི་རིག་གནས་ཐོན་ལས་ཀྱི་ཁེབས་རྒྱ་ཡང་རྒྱ་ཇེ་ཆེར་བཏང་ནས་ཤེལ་དང་ངར་ལྕགས་ཀྱིས་བཟོས་པའི་ལྷ་སྐུ་དང་། ཟངས་སྐུ་སོགས་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་བཟོ་རྩལ་ཐོན་རྫས་བཟོ་སྐྲུན་བྱེད་བཞིན་ཡོད་ཅིང་། ལོ་རེའི་ཡོང་སྒོ་སྒོར་འབུམ4ལྷག་ཡོད་པ་རེད།


ལྷ་རིས་པ་ཤ་བོ་སྐྱབས་ལགས་ཀྱིས་ལྷ་སྐུ་ལ་ཚོན་འབྱུག་པ།

སློབ་མ་དང་མཉམ་དུ་ལྷ་སྐུ་བཞེངས་བཞིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།