བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཞིག་གསོའི་འཆར་གཞི་བཀོད་ཚར་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-16 11:21:00 ཀློག་གྲངས།:

  ཟླ3པའི་ཚེས12ཉིན་ཀན་སུའུ་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་ཁུངས་འདི་གས་རིག་གནས་ཐོན་ལས་འགྲེམ་སྟོན་གྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས“འཛམ་གླིང་བོད་རིག་པའི་སློབ་གླིང”སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཤཱཀྱ་མུ་ནེའི་ལྷ་ཁང་དང་། སྒྲོལ་མའི་ལྷ་ཁང་། དུས་འཁོར་གྲྭ་ཚང་། ཀྱཻ་རྡོར་གྲྭ་ཚང་། གདུགས་དཀར་ལྷ་ཁང་། རྒྱུད་སྟོད་པ་གྲྭ་ཚང་སོགས་བཟོ་བཀོད་རྙིང་མ་རིགས7ལ་རྟོག་ཞིབ་ཞིབ་མོ་བྱས་ནས་སྲུང་སྐྱོབ་ཞིག་གསོའི་འཆར་གཞི་བཀོད་ཚར་པ་རེད།
  2009ལོའི་ཟླ12བར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས《བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་སྤྱིའི་འཆར་བཀོད》ཁྱབ་བསྒྲགས་བྱས་རྗེས། བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ཀྱི་བྱ་བའི་འགོ་བརྩམས་ཤིང་། 2010ལོར་སྐུ་ཕྱོགས་འཇམ་དབྱངས་བཞད་པའི་གཟིམ་ཤགས་དང་། རྒྱུད་སྨད་པ་གྲྭ་ཚང་། སྨན་པ་གྲྭ་ཚང་སོགས་བཟོ་བཀོད་ལྔའི་རྟོག་ཞིབ་དང་སྲུང་སྐྱོབ་ཞིག་གསོའི་འཆར་གཞི་བཀོད་ཚར་ནས་2011ལོའི་ཟླ4བར་སྲུང་སྐྱོབ་ཞིག་གསོའི་བྱ་བ་འགོ་བརྩམས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།