ངོས་དང་པོ > སྐབས་དོན། > སྣ་ཚོགས། > རྒྱལ་ཁབ་ཀྱི་བོད་ཡིག་པར་སྐྲུན་གཞི་གནས་འཛུགས་སྐྲུན་སོགས་ལས་གཞི13འགོ་བརྩམས་པ།
རྒྱལ་ཁབ་ཀྱི་བོད་ཡིག་པར་སྐྲུན་གཞི་གནས་འཛུགས་སྐྲུན་སོགས་ལས་གཞི13འགོ་བརྩམས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-03-23 08:56:00
ཀློག་གྲངས།:
རྒྱུས་ལོན་བྱུང་བ་ལྟར་ན་རྒྱལ་ཁབ་ཀྱི་བོད་ཡིག་པར་སྐྲུན་གཞི་གནས་འཛུགས་སྐྲུན་སོགས་གསར་འགྱུར་དཔེ་སྐྲུན་རྨང་གཞིའི་སྒྲིག་བཀོད་ལས་གཞི13འགོ་བརྩམས་ཤིང་། ལས་གཞི་འདིས་བོད་ཡིག་པར་སྐྲུན་ཐོན་རྫས་ཐོན་སྐྱེད་དང་འདོན་སྤྲོད་བྱེད་རྒྱུ་རེད།
ལས་གཞི་གཙོ་བོ13གྱི་ཁྲོད་དུ་རྒྱལ་ཁབ་བོད་ཡིག་པར་སྐྲུན་གཞི་གནས་འཛུགས་སྐྲུན་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཆ་འཕྲིན་ཅན་དུ་བསྒྱུར་བ། བོད་ཡིག་དྲ་རྒྱའི་པར་སྐྲུན་དོ་དམ་མ་ལག་སོགས་འདུས་ཤིང་། ལས་གཞི་འདི་དག་གི་མཐར་ཐུག་གི་དམིགས་འབེན་ནི་བོད་ཡིག་པར་སྐྲུན་ཐོན་རྫས་ཐོན་སྐྱེད་རྨང་གཞིའི་འཛུགས་སྐྲུན་ལེགས་པོར་བཟུང་སྟེ་བོད་ཡིག་པར་སྐྲུན་ཐོན་རྫས་ཐོན་སྐྱེད་དང་འདོན་སྤྲོད་བྱ་རྒྱུ་དེ་ཡིན།
འཆར་བཀོད་ལས་གསལ་བ་ལྟར་ན་རྒྱལ་ཁབ་ཀྱི་བོད་ཡིག་པར་སྐྲུན་གཞི་གནས་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ཡོད་ལ། གཙོ་བོ་གསར་སྐྲུན་ཇུས་འགོད་དང་། པར་སྐྲུན་ལོ་ཙཱ། གྲངས་འཛིན་པར་སྐྲུན། སྒྲ་བརྙན་གློག་རྡུལ་པར་སྐྲུན། གྲངས་འཛིན་ཐོན་ཁུངས་དོ་དམ་སོགས་འདུས་པ་རེད།
བོད་ཡིག་པར་སྐྲུན་གྲངས་འཛིན་ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ཆེད་འཆར་བཀོད་དུ་བོད་ཡིག་གློག་རྡུལ་དཔེ་དེབ་དང་། བོད་ཡིག་གློག་རྡུལ་དཔེ་དེབ་ལྟ་ཀློག་འཕྲུལ་ཆས་སྟེར་བ་སོགས་ཁོངས་སུ་འདུས། མཚམས་སྦྱོར་བྱས་པ་ལྟར་ན་ལས་གཞི13ལས་གཞན་ཉམས་ཉེན་ཆེ་བའི་དཔེ་དེབ་བྲིས་མ་དང་། དཔེ་དཀོན། དཔེ་དེབ་རྩ་ཆེན་སོགས་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་ཀྱི་ཤུགས་ཆེ་རུ་བསྐྱེད་ནས་ལེགས་སྒྲིག་པར་སྐྲུན་བྱེད་པར་མ་ཟད། དམངས་ཁྲོད་ཀྱི་གླུ་གཞས་དང་། གནའ་གཏམ། གཏམ་དཔེ། ཞབས་བྲོ། བཤད་པ་སོགས་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་འཚོལ་སྡུད་དང་ལེགས་སྒྲིག་པར་སྐྲུན་བྱ་རྒྱུ་རེད། 《གསོ་རིག་རྒྱུད་བཞི》དང་། 《གླིང་གེ་སར་རྒྱལ་པོའི་སྒྲུང》 《བཀའ་འགྱུར》《བསྟན་འགྱུར》སོགས་བོད་ཡིག་གི་བསྟན་བཅོས་ཆེན་པོ་དག་ཤུགས་ཆེར་སྒོས་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།