“གཅན་ཚའི་མདའ་རྩེད”ཞེས་པ་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་རྩོད་འཆར་བཀོད་དུ་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-23 10:00:00 ཀློག་གྲངས།:


“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར།

          ཉེ་ལམ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཆོག་མཆན་ཐོབ་སྟེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་དེ2012ལོའི་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་རྩོད་འཆར་བཀོད་དུ་ཚུད་པ་མ་ཟད། གཙོ་སྒྲུབ་ལས་ཁུངས་ནི་ཀྲུང་གོའི་མདའ་རྩེད་མཐུན་ཚོགས་དང་འགན་སྒྲུབ་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཡིན་པར་གཏན་འཁེལ་བྱས། འདིས“གཅན་ཚའི་མདའ་རྩེད”ཞེས་པའི་ལུས་རྩལ་འགྲན་རྩོད་ལས་དོན་དེ་རྒྱལ་ཁབ་རིམ་པས་གཙོ་སྒྲུབ་དང་ཞིང་ཆེན་རིམ་པས་འགན་སྒྲུབ་བྱེད་པའི་རྒྱལ་སྤྱིའི་རྩལ་འགྲན་ཞིག་དང་།  རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས་རང་སྟོབས་ཀྱིས་འཕེལ་རྒྱས་སུ་བཏང་བའི་མཚོན་བྱེད་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་ཏུ་གྱུར་པ་མཚོན།
          2012ལོའི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་དང་མདའ་སྟོན་རིག་གནས་དུས་ཆེན་གཉིས་ད་ལོའི་ཟླ9བར་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་སྤེལ་འཆར་ཡོད་ཅིང་། རྨ་ལྷོ་ཁུལ་གྱིས་ད་ལྟ2012ལོའི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་གྱི་དུས་སྔོན་སྟ་གོན་བྱེད་བཞིན་ཡོད་པ་དང་།   འགྲན་བསྡུར་གྱི་བྱ་འགུལ་ཕུན་སུམ་ཚོགས་ཇེ་ཚོགས་སུ་གཏོང་ཆེད། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་དོད་པའི་མདའ་སྟོན་དགྱེས་སྤྲོ་དང་། ལ་གཞས། མི་རིགས་རྒྱན་གོས་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།