ཀན་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས་དེ་རྨ་ཆུ་རྫོང་དུ་བཙུགས་པ།
རྟ་གཤིབ་ཕ་ས་ཀྲུང་གོའི་རྨ་ཆུ།
ཉེ་ལམ། ཀན་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས་དེ་རྨ་ཆུ་རྫོང་དུ་བཙུགས་ཤིང་། རྒྱུས་ལོན་པ་ལྟར་ན། རྨ་ཆུ་རྫོང་གིས་ད་ལྟའི་བར་གེ་སར་རྟ་རྒྱུག་འགྲན་བསྡུར་ཐེངས་ལྔ་ལ་བདེ་བླག་ངང་སྤེལ་པ་དང་། སྔ་གཞུག་ཏུ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ཞིང་ཆེན་གྱི་རྫོང་དང་གྲོང་ཁྱེར25ཡི་རྟ་རྒྱུག་འགྲན་རྩལ་པ100ལྷག་གདན་འདྲེན་ཞུས།
རྟ་རྒྱུག་འགྲན་བསྡུར་འདི་ནི་ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུས་ཀན་སུའུ་དར་སྐུད་ཚོང་ལམ་ལུས་རྩལ་བདེ་སྐྲུན་དུ་བཀོད་པའི་མཚན་བྱང་ལྔ་འཛུགས་སྐྲུན་གྱི་ལུས་རྩལ་འགྲན་བསྡུར་བྱ་བའི་གྲས་ཤིག་ཡིན་ཏེ། རྒྱལ་ཁབ་ལུས་རྩལ་ཅུའུ་དང་ཀྲུང་གོའི་རྟ་རྩལ་མཐུན་ཚོགས་གཉིས་ཀྱིས་རྨ་ཆུ་རྫོང་ལ་རྟ་གཤིབ་ཕ་ས་ཀྲུང་གོའི་རྨ་ཆུ་ཞེས་པའི་མིང་གསོལ་བ་རེད།
མཐུན་ཚོགས་འདི་བཙུགས་རྗེས། རྨ་ཆུའི་ཡུལ་སྐོར་མཚན་བྱང་ལྔ་གཞིར་བཞག་དང་། རྨ་ཆུའི་གེ་སར་རྟ་རྒྱུག་ལྟེ་གནས་རྟེན་གཞི་རུ་བྱས་ཏེ་། རྨ་ཆུ་རུ་རྟ་རྒྱུག་འགྲན་བསྡུར་ལ་གཟིགས་སྐོར་དང་། མ་དངུལ་གཏོང་བར་གཟིགས་ཞིབ། ཡུལ་སྐོར་ལྗོངས་རྒྱུ། གུང་གསེང་ངལ་གསོ་སོགས་སུ་སླེབས་པའི་སྤྱི་ཚོགས་རིགས་སོ་སོའི་མགྲོན་པོ་རྣམས་ལ་ཁོར་ཡུག་བཟང་བོ་གང་ལེགས་སྐྲུན་པ་དང་། དམངས་ཁྲོད་འགྲན་བསྡུར་བྱ་འགུལ་ཕྱོགས་ཡོངས་ཁྱབ་སྤེལ་དང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བྱེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com