བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རིག་དངོས་བརྒྱ་ལྷག་ནང་ལོགས་སུ་འགྲེམ་སྟོན་བྱ་རྒྱུ་རེད།
ཟླ3པའི་ཚེས30ཉིན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རིག་དངོས147ལྷག་ཀོང་ཀྲིག་ཏུ་འབྱོར་ནས་ནང་ལོགས་སུ《གངས་ལྗོངས་གཅེས་ནོར》ཞེས་པའི་སྐོར་བསྐྱོད་འགྲེམ་སྟོན་བྱེད་འགོ་བརྩམས་ཤིང་། འདི་ནི་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་བཙུགས་པ་ནས་བཟུང་ཐེངས་དང་པོར་ནང་ལོགས་སུ་རིག་དངོས་ཆེད་དོན་འགྲེམ་སྟོན་བྱས་པ་ཡིན།
མཚམས་སྦྱོར་བྱས་པ་ལྟར་ན། 《གངས་ལྗོངས་གཅེས་ནོར》ཞེས་པའི་རིག་དངོས་འགྲེམ་སྟོན་ཁྲོད་བསྡོམས་པས་རིག་དངོས་ཚན་པ6ཏུ་དགར་ཡོད་པ་སྟེ། བསྟན་བཅོས་དང་། ལྷ་སྐུ། ཆོས་ཀྱི་ཡོ་བྱད། ཐང་ག་སྒྱུ་རྩལ། བོད་ཀྱི་རྒྱན་ཆས། བོད་ཀྱི་ཁྱིམ་སྤྱོད་ཡོ་ཆས་བཅས་འདུས་པ་རེད།
ནང་ལོགས་ཀྱི་མང་ཚོགས་ཀྱིས་གངས་ཅན་ཁ་བའི་ལྗོངས་ནས་ཐོན་པའི་ཁྱད་དུ་འཕགས་པའི་རིག་དངོས་མཐོང་ཐུབ་པ་སྟེ། དཔེར་ན་ཤིང་ཏ་ལའི་ལོ་མའི་སྟེང་བྲིས་པའི་ཆོས་ཀྱི་བསྟན་བཅོས《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ་བརྒྱད་སྟོང་བ》དང་། 《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》། གསེར་ཟངས་ལས་གྲུབ་པའི་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐུ་བརྙན། རྡོ་རྗེ་འཇིགས་བྱེད་ཀྱི་ཐང་ག་སོགས་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འགྲེམ་སྟོན་བྱེད་རྒྱུ་རེད།
ཟླ4བའི་ཚེས10ཉིན་ནས་བཟུང་ཀོང་ཀྲིག་དངོས་མང་བཤམས་སྟོན་ཁང་དུ་དངོས་སུ་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་ཀོང་ཞི་དང་ཧི་ནན་དུ་སྐོར་བསྐྱོད་འགྲེམ་སྟོན་བྱེད་རྒྱུ་ཡིན་ཞིང་། དེར་མ་ཟད་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་འགྲེམ་སྟོན་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com