མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་བྱེད་པ།
མཚོ་སྔོན་བོད་ཀྱི་རིག་དངོས་བཤམས་སྟོན་གླིང་།
ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་གླིང་འཛུགས་སྐྲུན་དང་ཁྱད་ལྡན་རིག་གནས་ཀྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར། ཟི་ལིང་དཔལ་འབྱོར་ལག་རྩལ་སྔོག་འདོན་ས་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གི་ཉེ་འཁོར་དུ་ཆགས་པའི་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་འགོ་བརྩམས་པ་རེད།
ལས་གཞི་འཛུགས་སྐྲུན་འདིར་མ་དངུལ་སྒོར་དུང་ཕྱུར2གཏོང་འཆར་ཡོད་ཅིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ28000དང་། ལོ་གསུམ་གྱི་ནང་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་སྐྱེ་དངོས་ཐོན་ལས་གླིང་བོད་ཀྱི་རིག་གནས་རྟེན་མཛོད་ཀྱི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཏུ་འགྱུར་ངེས་པར་བརྩོན་པ་རེད།
བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། 2006ལོར་རིག་དངོས་འཚོལ་བསྡུ་དང་སྲུང་སྐྱོང་། འགྲེམ་སྟོན། བོད་ཀྱི་རིག་གནས་ཞིབ་འཇུག་བཅས་གཞི་གཅིག་ཏུ་གྲུབ་པའི་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱུང་། ན་ནིང་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཁྱད་ལྡན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པར་དགོངས་ཏེ། རིག་གནས་འཛུགས་སྐྲུན་གྱི“ལས་གཞི་ཆེན་པོ་བརྒྱད”ལག་བསྟར་བྱེད་པར་སྔོན་སྐུལ་བྱས་ཤིང་། བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་རྒྱ་བསྐྱེད་འཛུགས་སྐྲུན་ནི་དེའི་གྲས་ཤིག་ཡིན།
འཆར་བཀོད་ལྟར་བོད་ཀྱི་རིག་དངོས་གླིང་གི་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། བོད་ཀྱི་རིག་གནས་རྟེན་མཛོད་གླིང་གིས་སྔར་གྱི་རིག་དངོས་ཡིག་ཆ་ཁྲི1དང་ད་ཡོད་འགྲེམ་སྟོན་ཁང10ཡི་རྨང་གཞིའི་སྟེང་། མཚོ་སྔོན་དཔལ་ཡོན་ལོ་རྒྱུས་འགྲེམས་སྟོན་ཁང་དང་། ཁྱད་ནོར་རིག་དངོས་འགྲེམ་སྟོན་ཁང་། དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་ཁང་། རིག་གཞུང་སྙན་ཞུ་ཁང་། རིག་དངོས་མཛོད་ཁང་། རིག་དངོས་བསྐྱར་གསོ་ཁང་། ཞིབ་འཇུག་ཁང་བཅས་ཁ་གསབ་འཛུགས་པ་དང་ཆབས་ཅིག སྐར་ལྔའི་རིག་གནས་བརྗོད་བྱའི་མགྲོན་ཁང་དང་། མཚོ་སྔོན་རིག་གནས་འབྲེལ་འདྲིས་ལྟེ་གནས་སོགས་འཛུགས་སྐྲུན་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com