ན་གཞོན་འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ་གྱི་གློག་བརྙན་ཐུང་ངུ《ལྕགས་སྦལ》ཕབ་སྐྲུན་མཇུག་སྒྲིལ་བ།
ནོར་བུ་དགྲ་འདུལ་གྱི་བརྙན་ཐུང《ལྕགས་སྦལ》ཕབ་སྐྲུན་བྱས་ཚར་བ།
ཉེ་ལམ། ནོར་བུ་དགྲ་འདུལ་དང་འབྲུག་མོ་མཚོ་གཉིས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐུང་ངུ《ལྕགས་སྦལ》ཞེས་པ་གངས་བཞུགས་བརྙན་གཟུགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུན་ཟིས་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཞིང་། གློག་བརྙན་འདིས་ནང་སེམས་ཀྱི་འགྱུར་བ་དང་ཕྱི་གཟུགས་ཀྱི་རྣམ་པ་ཀུན་ནས་མི་མཚུངས་བའི་འཁྲབ་སྟོན་པ་དགྲ་འདུལ་གྱིས་ཁྱིམ་མིའི་དྲོད་ཁོལ་ལ་རེ་སྙེག་བྱེད་པ་སྟེ། སློབ་གྲྭ་ལས་མཐར་སྤྱུགས་རྗེས་ཕ་མའི་བྱམས་སེམས་ལ་དུངས་ཏེ་ཕ་མ་འཚོལ་དུ་སོང་། ཡིན་ཡང་ཁོས་ཨ་ཕའི་སྐྱུག་བྲོ་བའི་འཚོ་བ་དང་ཨ་མའི་སྡུག་སྣང་མཐོང་དུས་བརྗོད་ཐབས་བྲལ་བའི་ཚོར་འདུ་ཟབ་མོ་ཞིག་རང་དབང་མེད་པར་སེམས་གཏིང་ནས་འཕྱུར་ཏེ་མི་ལོག་པའི་ལམ་འཕྲང་གསར་བ་ཞིག་ལ་བསྙེགས་པ་བརྗོད།
ཞར་བཀོད།
ན་གཞོན་འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ། མིང་གཞན་དུ་དགྲ་འདུལ་འབོད་པ་ཁོ་ནི་སི་ཁྲོན་རྔ་བའི་སྐ་ཆུ་རྫོང་གི་མི་ཡིན། ཁོས་སྔ་གཞུག་ཏུMV200ལྷག་གི་གཟུགས་བརྙན་སྒྲིག་བཟོ་བྱས་ཡོད། 2011ལོ་ནས་བཟུང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་བརྙན་ལེན་པ་བྱས་ཏེ་དངོས་བྲིས་གློག་བརྙན《མི་རབས་གསུམ་པ》དང་། བརྙན་ཕབ་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་དང་རྒྱལ་ཡོངས་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་དང་མཉམ་ལས་ཀྱིས་དངོས་བྲིས་གློག་བརྙན《མཚོ་སྔོན་པོའི་གླུ་སྒྲ》ཕབ་བསྐྲུན་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com