བོད་ལྗོངས་ཡིག་ཚགས་ཁང་ལ་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-04-06 08:45:00
ཀློག་གྲངས།:
ད་ལོར་བོད་ལྗོངས་ཡིག་ཚགས་ཁང་ལ་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ལོ་སྟོད་དུ་སྒར་རྫོང་དང་རྫ་ཡུལ་རྫོང་ཡིག་ཚགས་ཁང་ལ་འཛུགས་སྐྲུན་བྱེད་གྲབས་ཡོད་པ་དང་། གྲོ་མོ་དང་སྣེ་གདོང་སོགས་རྫོང་ཁག་བདུན་གྱི་ཡིག་ཚགས་ཁང་ཡང་ད་ལོར་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཡིག་ཚགས་ཁང་གསར་བའི་འཛུགས་སྐྲུན་དེ་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་འཛུགས་སྐྲུན་ལས་གཞི་གཙོ་བོར་བཞག་པ་དང་། རྫོང་ཁག74ཡི་ཡིག་ཚགས་ཁང་རྒྱལ་ཁབ་ཀྱི་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཁྲོད་བཞག་པས་བོད་ལྗོངས་ཡིག་ཚགས་ཁང་ལ་སྔ་ན་མེད་པའི་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་རྒྱུ་རེད།
ཡིག་ཚགས་ཁང་འཛུགས་སྐྲུན་ནི་ཡིག་ཚགས་བྱ་བ་ལེགས་པོར་བསྒྲུབ་པའི་རྩ་བའི་དངོས་པོའི་ཁག་ཐེག་ཡིན་ཞིང་། 2011ལོ་ནི་བོད་ལྗོངས་ཡིག་ཚགས་ཁང་འཛུགས་སྐྲུན་བྱེད་པའི་དུས་གཙོ་བོ་ཞིག་ཡིན། མིག་སྔར་ལས་གཞི་ཁྲོད་བདམས་པའི་ཆུ་ཤུར་དང་། ལྷུན་གྲུབ། ཟངས་རི། ཁང་དམར། ལྷ་རྩེ། རྒྱལ་རྩེ། སྨན་གླིང་། བྲག་གཡབ་བཅས་རྫོང8ཀྱི་ཕྱོགས་བསྡུས་ཡིག་ཚངས་ཁང་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།