ཅིན་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ་ཀྲུང་དབྱང་མི་རིགས་སློབ་གྲྭར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-06 09:32:00 ཀློག་གྲངས།:


མཛད་སྒོ་སྟེང་སྐོར་བྲོ་འཁྲབ་པ།

          ཟླ4བའི་ཚེས3ཉིན་གྱི་སྔ་དྲོ།  སྲོང་བཙན་སྐྱེས་བུམ་རྩ་འཛུགས་ཨུ་ཡོན་ཚོགས་པས་གཙོ་སྒྲུབ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མའི་ཚོགས་པས་རོགས་སྒྲུབ་གནང་བའི་སྐབས་ཉི་ཤུ་བའི“སྲོང་བཙན་སྐྱེས་བུམ”སྤོ་ལོ་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་དེ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སྤེལ་བ་རེད། 


“སྲོང་བཙན་སྐྱེས་བུམ”འགོ་རྩོམ་མཛད་སྒོ་དེ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སྤེལ་བ།

          པེ་ཅིན་བོད་འབྲེལ་ལས་ཁུངས་སོ་སོ་དང་རྒྱལ་སའི་མཐོ་རིམ་སློབ་ཆེན་དག་གི་མི100ལ་ཉེ་བ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས།  རྒྱུས་ལོན་པ་ལྟར་ན། བསྡོམས་པས་ཐེངས་འདིར་འགྲན་ཞུགས་རུ་ཁག21ཡོད་པ་དང་།  ཟླ་གཅིག་ལ་ཉེ་བའི་རིང་ཁོ་ཚོས་ཕན་ཚུན་ལ་ཛ་དྲག་གི་འགྲན་རྩོད་བྱས།


ཀྲུང་གོའི་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་མི་རིགས་དཔེ་སྐྲུན་ཁང་གཉིས་འགྲན་བསྡུར་བྱེད་པ།

          མཐུན་སྒྲིལ་དང་།  མཛའ་བརྩེ། སྔོན་བསྐྱོད་བཅས་བརྗོད་བྱར་བཟུང་བའི་སྲོང་བཙན་སྐྱེས་བུམ་སྤོ་ལོའི་འགྲན་བསྡུར་དེ1989ལོ་ནས་སྤེལ་འགོ་བརྩམས་ཤིང་།   ད་སྔའི་བར་ལོ་ཉི་ཤུའི་ལོ་རྒྱུས་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།