བོད་ལྗོངས་རིག་གནས་གནས་སྐོར་གསར་འདོན་གླིང་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-07 10:23:00 ཀློག་གྲངས།:
              ཉེ་སྔོན་བོད་ལྗོངས་རིག་གནས་གནས་སྐོར་གསར་འདོན་གླིང་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། ལོ་གསུམ་གྱི་རྗེས་སུ་རིག་གནས་གནས་སྐོར་གཙོར་བྱས་པའི་འོག  དམངས་སྲོལ་རིག་གནས་འགྲེམ་སྟོན་དང་། མི་རིགས་ཀྱི་ལག་བཟོའི་ཐོན་རྫས་བཟོ་འཚོང་བྱེད་པ། རོལ་རྩེད། འཚོ་བའི་ཞབས་ཞུ་སོགས་གཅིག་ཏུ་འདུས་པའི་རིག་གནས་གནས་སྐོར་ཐོན་ལས་ཁུལ་ཞིག་ལྷ་ས་གྲོང་ཁྱེར་དང་སྤྱི་ལེ2ཡོད་པའི་ཚལ་གུང་ཐང་ཡུལ་ཚོའི་ཚེ་མཆོག་གླིང་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།
              རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་རིག་གནས་གནས་སྐོར་གསར་འདོན་གླིང་གིས་བོད་མི་རིགས་ཀྱི་རྫོངས་སྟུག་ཅིང་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་གཞི་བྱས་ཐོག  ལས་གཞི་འཛུགས་སྐྲུན་གྱི་ལམ་ནས་བོད་ལྗོངས་ཀྱི་མི་རིགས་བཟོ་བཀོད་དང་། རོལ་དབྱངས། བྲོ་གར། མཛེས་རིས། དམངས་སྲོལ། རྒྱན་གོས། དམངས་ཁྲོད་གཏམ་རྒྱུད་སོགས་འགྲེམ་སྟོན་བྱེད་པ་ཡིན། བསྐལ་བཟང་འདི་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱིས་ཚེ་མཆོག་གླིང་དེ་འཛམ་གླིང་སྤྱི་ཁྱབ་ཀྱི་བོད་ཀྱི་རིག་གནས་གཞི་གནས་ཤིག་དང་། བོད་ཀྱི་རིག་གནས་གནས་སྐོར་ཐོན་རྫས་ཀྱི་ཚད་ལྡན་ཕྱིར་འཚོང་གནས། བོད་ཀྱི་རིག་གནས་གསར་འདོན་འབྱུང་གནས། མཆོག་ཏུ་གྱུར་བའི་རོལ་རྩེད་གནས། གྲོང་མིའི་ངལ་གསོའི་གནས་མཆོག་ཅིག་ཏུ་བསྐྲུན་པ་དང་མཉམ་དུ། བོད་ལྗོངས་ཀྱི་ཁྱད་ཆོས་དང་རྣམ་པ་མངོན་པར་གསལ་བའི་སྔོན་ཐོན་རིག་གནས་མཚོན་རྟགས་ཤིག་བསྐྲུན་རྒྱུ་རེད།
              འཆར་བཀོད་སྔོན་བསྟར་གྱི་རྩ་དོན་ལྟར་ལྷ་ས་གྲོང་ཁྱེར་གྱིས་བྱ་བའི་རུ་ཁག་བཙུགས་ནས་གླིང་གའི་ཕན་ནུས་ཁུལ་གྱི་ཡན་ལག་ཁུལ་སོ་སོའི་བཀོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་བཀོད་སོགས་དུས་སྔོན་གྱི་བྱ་བ་ལེགས་པོར་སྤེལ་ནས་ལོ་གསུམ་གྱི་ནང་དུ་གླིང་གའི་སྒོ་འབྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།