ཆབ་ཆ་ས་ཁུལ་གྱི་སྡོད་ཁུལ་དང་སྤྱི་ཚོགས་ཚོགས་པའི་ལས་གསེང་རིག་རྩལ་འགྲན་སྡུར་སྤེལ་བ།
མཚོ་སྔོན་པོ་འཁྲབ་སྟོན་རུ་ཁག་གིས《ཨ་མདོའི་རྩེད་རིག》འཁྲབ་སྟོན་བྱེད་བཞིན་པ།
བདེ་སྐྱིད་ཚོ་བའི་འཁྲབ་སྟོན་རུ་ཁག་གིས《བཀྲ་ཤིས་རྟེན་འབྲེལ》ཞེས་པ་འཁྲབ་སྟོན་བྱེད་པ།
ཟླ4བའི་ཚེས13ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ“མི་བཟང་དོན་བཟང་གླེང་བ་དང་། ལྔ་བཟང་གླུ་གཞས་ལེན་པ”ཞེས་པ་བརྗོད་གཞིར་བྱས་པའི་ཆབ་ཆ་གྲོང་རྡལ་གྱི་སྡོད་ཁུལ་དང་སྤྱི་ཚོགས་ཚོགས་པའི་ལས་གསེང་རིག་རྩལ་འགྲན་སྡུར་སྤེལ་བ་རེད། ཐེངས་འདིའི་འགྲན་སྡུར་ནི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས་གཙོ་སྒྲུབ་བྱས་པ་དང་། ཆབ་ཆ་ས་ཁུལ་གྱི་སྡོད་ཁུལ་སོ་སོ་དང་སྤྱི་ཚོགས་ལས་གསེང་རིག་རྩལ་ཚོགས་པས་གཞོགས་འདེགས་འོག་མཚོ་ལྷོ་ཁུལ་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱས་པ་རེད།
ཐེངས་འདིའི་འགྲན་སྡུར་ཁྲོད་ཆབ་ཆ་ས་ཁུལ་གྱི་སྡོད་ཁུལ་དང་སྤྱི་ཚོགས་ཚོགས་པའི་རུ་ཁག་བཅུ་ཞུགས་ནས་ཚར་དུ་དངར་བའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་ཤིང་། ཡུལ་འདི་གའི་མང་ཚོགས་ཀྱིས《ལུག་རྫི་བུ་མོ》དང་། 《ཨ་མདོའི་རྩེད་རིག》《གངས་ལྗོངས་མཛའ་གཞས》 《བཀྲ་ཤིས་རྟེན་འབྲེལ》སོགས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་པའི་མིག་གི་དགའ་སྟོན་གྱ་ནོམ་པ་ཞིག་ལོངས་སུ་སྤྱད་པས། ཀུན་གྱིས་ལག་ཟུང་ཐལ་མོ་རྡེབ་ནས་དགའ་བསུ་ཆེན་པོ་བྱེད་ཅིང་བསྟོད་པའི་མེ་ཏོག་གཏོར། འགྲན་སྡུར་འདིས་མི་དམངས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཡུལ་འདིའི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་འཛིན་སྤེལ་བྱེད་པར་དགེ་མཚན་མི་དམན་པ་བསྐྲུན།
དམངས་ཁྲོད་རྩེད་རིག་འཁྲབ་སྟོན་བྱེད་བཞིན་པ།
དཔྱད་འདེམས་པ་རྣམས་ཀྱིས་འཁྲབ་སྟོན་ལ་གཟིགས་བཞིན་པ།
རུ་ཁག་སོ་སོས་འཁྲབ་སྟོན་རབས་དང་རིམ་པ་སྤེལ་མཐར་ཕུལ་དུ་བྱུང་བའི་ཚོགས་པ་ཁག་ཅིག་ལ་བྱ་དགའ་ཐོབ་པ་སྟེ། མཚོ་སྔོན་པོ་འཁྲབ་སྟོན་ཚོགས་པར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བདེ་སྐྱིད་ཚོ་བ་དང་སྡོད་ཁུལ་བཞི་བར་བྱ་དགའ་ཨང་གཉིས་པ་ཐོབ། སྡོད་ཁུལ་དྲུག་པ་དང་། ལྔ་བ། གཉིས་པ་བཅས་སུ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com