ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཡུལ་ཤུལ་ལ་ས་ཡོམ་གྱི་གནོད་སྐྱོན་བྱུང་ནས་ལོ་འཁོར་གཉིས་འགོར་བའི་རྗེས་དྲན་མྱ་ངན་གྱི་བྱ་འགུལ་སྤེལ།
ཡུལ་ཤུལ་ལ་ས་ཡོམ་གྱི་གནོད་སྐྱོན་བྱུང་ནས་ལོ་འཁོར་གཉིས་འགོར་བའི་རྗེས་དྲན་མྱ་ངན་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-04-14 07:15:00
ཀློག་གྲངས།:
དེ་རིང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་ཁུལ་ལ་ས་ཡོམ་གྱི་གནོད་སྐྱོན་བྱུང་ནས་ལོ་འཁོར་གཉིས་འགོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན་པས། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཆེད་དུ་གནས་ཚུལ་དེར་དམིགས་ནས་སློབ་རའི་སྐབས28པའི་རྒྱང་སྒྲོག་ལེ་ཚན་ལ“ངག་གི་གདུང་དབྱངས”དང“བརྩེ་ཞེན་གྱི་རྨུ་ཐག”ཅེས་པའི་ལེ་ཚན་གཉིས་ཆེད་བཀོད་བྱས་ཏེ་ཟླ་འདིའི་ཚེས12ནས་ཉིན་གསུམ་ལ་བསྟུད་མར་ཡང་གཏོང་བསྐྱར་གཏོང་བྱས་པ་མ་ཟད། དེ་རིང་སློབ་ཕྱིའི་བྱ་འགུལ་སྐབས་སུ་ཡང་སྟོང་ཕྲག་གསུམ་ལས་གྲུབ་པའི་དགེ་སློབ་ཚང་མས་གདུང་སེམས་མཉམ་བསྐྱེད་སྒོས་སློབ་གྲྭའི་ལུས་རྩལ་ཐང་ཆེན་ནས་སྙིང་གཟུགས་དབྱིབས་ཀྱི་གྲལ་ཤར་བསྒྲིགས་ནས་ལོ་འཁོར་གཉིས་འགོར་བར་དྲིན་གསོའི་མྱ་ངན་ཞུ་རྩིས་ཡོད། སེམས་འདུན་གྱི་རྣམ་པ་ཆུང་ངུ་འདིས་ཤུལ་ལུས་པ་ཚོའི་སེམས་རྟེན་དྲོན་མོ་དང་བློ་སྤོབས་མཐོར་འདེགས་ལ་རྔོ་རེ་ཨེ་ཐོགས་ཀྱི་བརྩེ་སེམས་དྲོན་མོ་འཆང་བ་ཡིན་ལ། ལྷག་བསམ་གྱི་འཇུ་ཐག་འདིས་རེ་བའི་ཉི་གཞོན་རྫ་སྐྱེ་རྒུའི་མཁའ་དབྱིངས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།