ཐེམ་ཆེན་རྫོང་བྲག་དམར་ཞང་གིས་སྲོལ་རྒྱུན་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-28 10:26:00 ཀློག་གྲངས།:


ཐེམ་ཆེན་རྫོང་བྲག་དམར་ཞང་གིས་སྲོལ་རྒྱུན་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་སྤེལ།


ཐེམ་ཆེན་རྫོང་གི་རྫོང་དཔོན་གཞོན་པའམ་བྲག་དམར་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཨ་བྷོ་ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།


རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།


གཟེངས་བསྟོད་བྱ་དགའ་གནང་བཞིན་པ།


གཟེངས་བསྟོད་བྱ་དགའ་གནང་བཞིན་པ།


གཟེངས་བསྟོད་བྱ་དགའ་གནང་བཞིན་པ།


གཟིགས་མོ་བ།

     སྤྱི་ཟླ8པའི་ཚེས27ཉིན་གྱི་སྔ་དྲོར། བྲག་དམར་ཞང་གིས་སྲོལ་རྒྱུན་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་སྤེལ། རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྟེང་། ཐོག་མར་ཐེམ་ཆེན་རྫོང་གི་རྫོང་དཔོན་གཞོན་པའམ་བྲག་དམར་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཨ་བྷོ་ཡིས་གཏམ་བཤད་སྤེལ།
     བྲག་དམར་ཞང་གི་ཞང་ཀྲང་རྟ་མགྲིན་ཚེ་རིང་གིས་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་།དུས་མཚུངས་སུ། སྔོན་ཐོན་ཐུན་མོང་དང་།མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ། སྔོན་ཐོན་བྱ་བ་སྒྲུབ་མཁན། ལྔ་བཟང་ཁྱིམ་ཚང་། ཨ་ནེ་བཟང་བོ། མནའ་མ་བཟང་བོ་བཅས་ལ་བྱ་དགའ་གནང་ཞིང་། ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པ་བཅས་ཀྱིས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས།
     འདས་པའི་ལོ་ངོ་འདི་དག་གི་རིང་ལ། བྲག་དམར་ཞང་གིས་གོང་རིམ་རྩ་འཛུགས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་། ནང་སྒོས་སུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཤང་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ལ།ཞང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ནས་སྔ་ན་མེད་པའི་གྲུབ་འབྲས་བླངས་ཡོད།
     ཐེངས་འདིའི་བྱ་འགུལ་འདི་ནི། བྲག་དམར་ཞང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་བསུ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞང་གསར་སྐྲུན་བྱེད་པ། གུང་ཁྲན་ཏང་བཟང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་བ། ཏང་གི་ཁ་ལ་ཉན་ནས། ཏང་གི་རྗེས་སུ་འབྲངས་ཞེས་པ་བརྗོད་དོན་སློབ་གསོ་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ། གཏིང་ཟབ་སྒོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སོགས་ལག་ལེན་དོན་འཁྱོལ་བྱེད་པར་དམིགས་ཏེ་སྤེལ་བའི་བྱ་འགུལ་ཞིག་ཡིན།
      འདི་ལྟ་བུའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་སྤེལ་བ་འདིས། ཏང་གི་སྲིད་ཇུས་བཟང་བོའི་དགོངས་དོན་དམངས་ཡོངས་ལ་དྲིལ་སྒྲོག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། དམངས་ཡོངས་ཀྱི་རིག་གནས་སྒྱུ་རྩལ་བྱ་གཞག་སྔར་ལས་འཐུས་ཚང་དུ་གཏོང་བསོ་གས་ལ་ནུས་པ་གང་ལེགས་ཐོན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།