ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཐང་གའི་སྒྱུ་རྩལ་མཚོན་པའི་གློག་བརྙན་བརྩམས་ཆོས་ཐོག་མ་པེ་ཅིང་ནས་བཏང་བ།
ཐང་གའི་སྒྱུ་རྩལ་མཚོན་པའི་གློག་བརྙན་བརྩམས་ཆོས་ཐོག་མ་པེ་ཅིང་ནས་བཏང་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-05-11 09:19:00
ཀློག་གྲངས།:
ཟླ5བའི་ཚེས7ཉིན། ན་གཞོན་འཁྲབ་ཁྲིད་པ་ཧཱ་སི་ཁྲའོ་ལུའུ་ཡིས་འཁྲབ་ཁྲིད་མཛད་པའི་གློག་བརྙན《ཐང་ག》ཞེས་པ་པེ་ཅིང་སློབ་ཆེན་དུ་བཏང་ཞིང་། དེ་ནི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་སྟེང་ཐང་གའི་སྒྱུ་རྩལ་མཚོན་པའི་གློག་བརྙན་བརྩམས་ཆོས་ཐོག་མ་རེད།
གློག་བརྙན《ཐང་ག》ཞེས་པའི་ཁྲོད་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཏེ་ཐང་ག་སྲོག་ཤིང་དུ་བྱས་ནས། ཐང་གའི་ལྷ་རིས་པས་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་གཏམ་རྒྱུད་ཁག་ཞིབ་འབྲི་བྱས་ཏེ་བོད་ཀྱི་ཁྱད་དུ་འཕགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་དཔལ་དང་། བོད་ལྗོངས་ཀྱི་ངོ་མཚར་ལྟ་ན་སྡུག་པའི་ཡུལ་ལྗོངས་བཀོད་པ་མངོན་མཚོན་བྱས་པར་བརྒྱུད་བོད་དམངས་རྣམས་འཚོ་བར་སྤྲོ་ཞིང་སྒྱུ་རྩལ་ལ་ཕྱོགས་པའི་སེམས་ཁམས་གསར་བཞེངས་བྱས་ཡོད།
རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་ཐང་ག་ནི་བོད་ཀྱི་རིག་གནས་བང་མཛོད་ཁྲོད་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། དེའི་ཁྲོད་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་སྤྱི་ཚོགས་འཚོ་བ་སོགས་བརྗོད་བྱ་ཕུན་སུམ་ཚོགས་པོ་འདུས་ལ། བོད་ལྗོངས་ཀྱི་སྤྱི་ཚོགས་འགྱུར་ལྡོག་དང་བོད་བརྒྱུད་ནང་བསྟན་གྱི་འཛིན་སྤེལ་སོགས་མཚོན་ཐུབ་པས། བོད་ཀྱི་དཔལ་ཡོན་བྱུང་འཕེལ་གྱི་སྒྲུང་རིང་ཞིག་ཏུ་གཉིས་སུ་མ་མཆིས་སོ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།