མཚོ་ལྷོ་ཁུལ་འབའ་རྫོང་གིས་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱ་ཆེར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-12 13:32:00 ཀློག་གྲངས།:
              2012ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ་རིག་གནས་ལས་གྲྭ་གཙོ་བོ་དག་རྒྱ་ཆེར་སྤེལ་རྒྱུ་ཡིན་ཏེ། འཆར་གཞི་ལྟར་ན་སྒོར་ཁྲི3300བཏང་སྟེ་རིམ་པ་ལྟར་འབའ་རྫོང་གི“གཡེར་སྐྱོང་མཐར་ཕྱིན་རྡོ་བརྐོས་སྒྱུ་རྩལ་ཚད་ཡོད་ཀུང་ཟི”རྒྱ་བསྐྱེད་པ་དང་། “རྫོང་རི་རིག་གནས་དངོས་མང་བཤམས་སྟོན་ཁང”འཛུགས་པ། འབའ་རྫོང་རྫོང་རི་རིག་གནས་སྒྱུ་རྩལ་ཟབ་སྦྱོང་ལྟེ་གནས་འཛུགས་སྐྲུན་བཅས་ཀྱི་ལས་གྲྭ་ཁག་ཅིག་སྤེལ་བར་མ་ཟད། འབའ་རྫོང་རྫོང་རི་རིག་གནས་ཐོན་ལས་གླིང་བསྐྲུན་པར་བརྒྱུད་རྫོང་རི་རིག་གནས་མཚོན་རྟགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་རེད། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི2400བཏང་སྟེ་རྫོང་རིག་གནས་ཁང་དང་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་པ་དང་། མ་དངུལ་སྒོར327བཏང་སྟེ་མཁར་གྲོང་དུ་དེང་རབས་ཅན་གྱི་གྲངས་འཛིན་གློག་བརྙན་ཁང་གསར་དུ་བསྐྲུན་པ། མ་དངུལ་སྒོར840བཏང་སྟེ་མཁར་གྲོང་དུ་མི་རིགས་ལུས་རྩལ་ཁང་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་ར་བ་གཉིས་གསར་དུ་བསྐྲུན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།