ད་ལོའི་ལོ་དཀྱིལ་དུ་ཀན་ལྷོ་ཁུལ་ནས་སྤྲོ་སྐྱིད་ཀྱི་བྱ་འགུལ་གང་མང་སྤེལ་འཆར་ཡོད་པ།
རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་བསྡུར།
ཟླ7པ་དང8པའི་ནང་། སྔོ་མདོག་གི་གོས་ལྗང་ཡོངས་སུ་བཀླུབས་པའི་ཀན་ལྷོའི་རྩྭ་ཐང་ནི་གནས་དེར་ཆེས་ཡིད་དབང་འགུག་པའི་རང་བྱུང་གི་མཛེས་ལྗོངས་ཤིག་ཏུ་ངེས་ཤིང་། ཀན་ལྷོ་ཁུལ་གྱིས་གནས་བབས་འདི་དམ་འཛིན་དང་གོ་སྐབས་བཟང་བོར་བརྟེན་ནས་སྤྲོ་སྐྱིད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་པར་བརྒྱུད་ཀན་ལྷོ་ས་ཁུལ་གྱི་རིག་གནས་ཁྱད་ཆོས་མངོན་པར་བཏོད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཟླ7པའི་ནང་གཙོས་གྲོང་ཁྱེར་གྱིས་འགན་སྒྲུབ་བྱེད་པའི“སྐབས་བཅུ་གསུམ་པའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་ཤིང་སློང་དུས་ཆེན”། བཱ་ཙེ་རྫོང་གིས་འགན་སྒྲུབ་བྱེད་པའི“2012ལོའི‘ཡེ་ལི་ཀོན་བུམ་པའི’ཀྲུང་གོའི་ཐག་འཐེན་འགྲན་བསྡུར་དང་སྐབས་བཞི་བའི་ཀན་ལྷོའི་ཐའོ་ཀྲིག་ཐག་འཐེན་དུས་ཆེན”། ཟླ8པར་ཐེ་བོ་རྫོང་གིས་འགན་སྒྲུབ་གནང་བའི“སྐབས་ལྔ་བའི་ཀྲུང་གོའི་ལ་གཟར་ཁའི་དམར་ལྡན་ཡུལ་སྐོར་སྒྱུ་རྩལ་དུས་ཆེན”། དེ་མིན་རྨ་ཆུ་རྫོང་གིས་འགན་སྒྲུབ་གནང་བའི“སྐབས་དྲུག་པའི་ཀྲུང་གོའི་གེ་སར་རྟ་རྒྱུག་འགྲན་བསྡུར”བཅས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།
དུས་སྐབས་འདིའི་ནང་། ཀན་ལྷོའི་རྫོང་ཁག་གཞན་གྱིས་ས་གནས་རང་གི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་མངོན་པར་རྫོགས་པའི་ཤིང་སློང་དུས་ཆེན་དང་། དགོན་པའི་ཆོས་ཚོགས། དངོས་རྫས་བརྗེ་རེས་སོགས་ཀྱི་བྱ་འགུལ་དང་། འབྲེལ་ཡོད་མཛེས་ལྗོངས་ཁུལ་དང་། ཡུལ་ཚོ་དང་གྲོང་སྡེ། ལས་ཁུངས། ཁེ་ལས་སོགས་ཀྱིས་ཀྱང་རྣམ་པ་མང་པོའི་ཤིང་སློང་བྱ་འགུལ་སྤེལ་འཆར་ཡོད་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com