ད་ལོའི་ཀྲུང་གོའི་བོད་ཀྱི་གཞས་ཚོགས་དེ་ཁྲིན་ཏུའུ་གྲོང་ཁྱེར་དུ་སྤེལ་པ།
བོད་ཀྱི་གཞས་ཚོགས་དངོས་སུ་འགོ་བརྩམས་པ།
ཟླ5བའི་ཚེས13ཉིན། སི་ཁྲོན་བརྙན་འཕྲིན་ཁང་གི་ལེ་ཚན་ཏེ《རང་བྱུང་གླུ་སྐད། ཀྲུང་གོའི་བོད་ཀྱི་གཞས་ཚོགས》ཞེས་པ་རོང་གྲོང་ཁྱེར་རམ་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་བརྩམས། ན་ནིང་ཀྲུང་གོའི་བོད་ཀྱི་གཞས་ཚོགས་དེ་རྒྱལ་ཡོངས་སུ་སྙན་གྲགས་ཆེན་པོ་རྒྱས་པའི་ཁར། སི་ཁྲོན་བརྙན་འཕྲིན་ཁང་གིས་ད་ལོའང་ཁྱབ་རྒྱ་ཆེ་རུ་བསྐྱེད་དེ་བོད་ཀྱི་གཞས་ཚོགས་གར་སྟེགས་སུ་གླུ་བ་གླུ་མ་གང་མང་གཟེངས་སུ་ཐོན་པར་ཡར་སྐུལ་བྱེད་པར་བརྩོན།
གླུ་མ་ཐཱན་ཝེ་ཝེ་ཡིས་གཞས་ལེན་པ།
ད་ལོའི་གཞས་ཚོགས་སུའང་ཁྱད་པར་དུ་གླུ་མ་ཚངས་དབྱངས་སྒྲོལ་མ་དང་གླུ་བ་བཀྲ་ཤིས་དོན་གྲུབ་མ་བུ་གཉིས་གདན་འདྲེན་ཞུས་ཤིང་། ཐཱན་ཝེ་ཝེ་ཡིས་ཀྱང་ཡུལ་དངོས་སུ་མོ་རང་ཉིད་ཀྱིས་སྒྲིག་འཁྲབ་བྱས་པའི་བོད་ཀྱི་གཞས་ཚོགས་ཀྱི་བརྗོད་དོན་གླུ་གཞས《རང་བྱུང་བརྩེ་གླུ》ཕུལ་པ་རེད།
གླུ་མ་ཚངས་དབྱངས་སྒྲོལ་མ་དང་གླུ་བ་བཀྲ་ཤིས་དོན་གྲུབ་མ་བུ་གཉིས་ཀྱིས་གཞས་ལེན་པ།
རྒྱུས་ལོན་པ་ལྟར་ན། ན་ནིང་སྤེལ་པའི《རང་བྱུང་གླུ་སྐད། ཀྲུང་གོའི་བོད་ཀྱི་གཞས་ཚོགས》ལ་མང་ཚོགས་དང་ལས་རིགས་སོ་སོས་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ་པས། ད་ལོ་སྔར་ལས་ལྷག་པར་ཁྱབ་ཆེ་རུ་བསྐྱེད་པ་དང་མ་དངུལ་འབོར་ཆེན་གཏོང་བ་བཅས་བྱེད་ལ། དེ་མིན་གཙོ་སྒྲུབ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལོའི་ཕུལ་བྱུང་གླུ་བ་བཅུ་ལ་ཕྱི་རྒྱལ་དུ་འཁྲབ་སྟོན་དུ་འགྲོ་བར་གོ་སྐབས་ལྡན་པར་བཤད།
སྐབས་སོ་སོའི་བོད་ཀྱི་གཞས་ཚོགས་ཀྱི་ཕུལ་བྱུང་གླུ་བ་གླུ་མས་ལྷན་གྱིས་གཞས་ཕུལ་པ།
དེ་དང་ཆབས་ཅིག་ཏུ། ད་ལོའི《རང་བྱུང་གླུ་སྐད། ཀྲུང་གོའི་བོད་ཀྱི་གཞས་ཚོགས》ལ་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲིག ཁྲིན་ཏུའུ། ལྷ་ས། ཁུན་མུན། ཁྲུན་ཆིན་བཅས་འགྲན་ཁུལ་བདུན་གཏན་འཁེལ་བྱས། ཐིན་ཤུན་དྲ་རྒྱ་ཐེངས་འདིའི་བོད་ཀྱི་གཞས་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་སྨྱན་བྱད་རྒྱབ་རྟེན་དུ་བྱེད་པ་སྟེ། གཞུང་འབྲེལ་མཉམ་འབྲེལ་ཟིན་ཕྲན་དང་། འཆར་སྣང་རྣམ་པའི་ཕན་ཚུན་འགུལ་འདྲེན་གར་སྟེགས། དེ་མིན་དྲ་ལམ་འཚོལ་ཞིབ་གར་སྟེགས་སོགས་ལས་རྒྱ་ཆེ་བའི་གླུ་གཞས་དུངས་མཁན་རྣམས་གཞས་ཚོགས་འགྲན་བསྡུར་ལ་ཞུགས་པར་སྟབས་བདེ་བསྐྲུན་པ་དང་། ཁྱད་པར་དུ་ཐིན་ཤུན་དྲ་རྒྱའི་འགྲན་ཁུལ་ཞིག་ཀྱང་བཙུགས་ཡོད་པ་རེད།
《རང་བྱུང་གླུ་སྐད། ཀྲུང་གོའི་བོད་ཀྱི་གཞས་ཚོགས》ཀྱི་ལེགས་འདེམས་འགྲན་ཚིགས་ཐོག་མ་དེ་པེ་ཅིང་དུ་བཙུགས་ཤིང་། ཟླ5བའི་ཚེས19ཉིན་དངོས་སུ་འགོ་རྩོམ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com