མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་གོང་སྤེལ་ཀུང་སིའི་གླུ་གཞས་བསྡུ་བའི་བརྡ་ཁྱབ།
མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་གོང་སྤེལ་ཀུང་སིའི་ཁྱབ་སྒྲོག་པར་རིས།
མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་གོང་སྤེལ་ཚད་ཡོད་ཀུང་སི་ནི་སྤྱི་ལོ2010ལོའི་ཟླ3པར་ཚུགས་ཤིང་། ད་ལྟའི་བར་གློག་བརྙན་བརྩམས་ཆོས་བཞི་ཕབ་བསྐྲུན་དང་སྒྲིག་བཟོ་བྱས། དེའི་ནང་གློག་བརྙན་གསུམ་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རྟགས་མ་ཐོབ་ཡོད་པ་དང་། གཞན་ཆེད་སྒྲིག་བརྙན་འཁོར20ལྷག་འགྲེམ་སྤེལ་བྱས་པ་ལས《ས་ཆེན་ཨ་མར་ཕུལ་བའི་གླུ》སོགས་ལ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
ད་ཐེངས་ཀུང་སི་འདིས་བོད་ཁམས་ཀྱི་ན་གཞོན་གཞས་པ་གཞས་མ་ཚོར་ཁྱབ་རྒྱ་ཆེ་བའི་སྒྱུ་རྩལ་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཕྱིར《ཕ་ཡུལ་གངས་ལྗོངས》ཞེས་པའི་ཚད་མཐོའི་ཆེད་བསྒྲིགས་ཤིག་བཟོས་ནས་རྒྱལ་ཡོངས་ལ་འགྲེམ་སྤེལ་བྱེད་མུས་ཡོད། གཞས་ལ་དགའ་མོས་ཡོད་མཁན་ཚོས་འབྲེལ་གཏུག་བྱ་རོགས།
ཆ་རྐྱེན། གཞས་ཚིག་ཁྲིམས་མཐུན། སློབ་ཆེན་སློབ་མར་དམིགས་བསལ་ཡོད།
མིང་རྟགས་འགོད་ཚུལ། ཡུལ་དངོས། ཡིག་ཟམ་དང་ཁ་པར།
ས་གནས། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་ཤར་ལམ་གསུམ་པ།
འབྲེལ་གཏུག་ཁ་པར། 18209410666 18709410003
ཡིག་ཟམ། doloboban@126.com
མིང་ཐོ་འགོད་ཡུན། སྤྱི་ལོ2012ལོའི་ཟླ5བའི་ཚེས16ནས་ཟླ6པའི་ཚེས6ཉིན་གྱི་བར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com