གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་རྟ་རྣ་དགོན་པ་ལ་ཞིག་གསོ་བྱེད་རྒྱུ་རེད།
རྟ་རྣ་སེང་གེ་གནམ་རྫོང་དགོན། (ཆིན་ལིན་གྱིས་པར་བླངས། )
རྒྱུས་ལོན་བྱུང་བ་ལྟར་ན་རྒྱལ་ཁབ་རིག་དངོས་ཅུས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་མངའ་བའི་རྟ་རྣ་དགོན་པའི་བཟོ་བཀོད་གཙོ་བོ་དང་གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་ཞིག་གསོ་བྱེད་པའི་ཇུས་འགོད་འཆར་གཞི་ལ་ཆོག་མཆན་གནང་བ་རེད།
སྤྱི་ལོ686ལོར་བཞེངས་པའི་རྟ་རྣ་དགོན་པའམ་རྟ་རྣ་སེང་གེ་གནམ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡ་གྱལ་ཏེ་ཡེལ་བ་བཀའ་བརྒྱུད་ཀྱི་དགོན་སྡེ་རྙིང་བ་ཞིག་ཡིན།
དགོན་པའི་ཤར་ཕྱོགས་ཀྱི་རི་སྐེད་དུ་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ30ཡི་སྐུ་གདུང་མཆོད་རྟེན་བརྗིད་ཉམས་ལྡན་པའི་ངང་བཞུགས་འདུག་ལ། སྐུ་གདུང་དེ་དག་ལ་བོད་སིལ་བུའི་དུས་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པ་དང་། རྡོ་དང་འཇིམ་པ་ལས་བརྩིགས་ཡོད་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གིས་བརྟག་དཔྱད་ཚད་ལེན་བྱས་པ་ལྟར་ན་སྐུ་གདུང་མཆོད་རྟེན་འདི་དག་དང་འབྲེལ་ཡོད་ཀྱི་རྟེན་རྫས་ནི་སྤྱི་ལོ1115ལོར་བཞེངས་བ་ཡིན་མོད། ལོ་ཟླ་རིང་ཞིང་ཞིག་གསོ་ལེགས་པོ་བྱེད་མ་ཐུབ་པའི་དབང་གིས་དགོན་སྡེ་ནང་གི་རིག་དངོས་དང་གནའ་ཤུལ་མང་པོ་ཞིག་ལ་གནོད་སྐྱོན་ཚད་མི་འདྲ་བ་ཐེབས་འདུག
གླིང་གི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན། (ཆིན་ལིན་གྱིས་པར་བླངས། )
རྟ་རྣ་དགོན་དུ་རིན་ཐང་གཞལ་དུ་མེད་པའི་རྟེན་རྫས་མང་པོ་ཞིག་མཆིས་པ་སྟེ། གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་རྣམས་ཀྱི་རྨོག་དང་། གེ་སར་གྱི་ཁྲབ་མིག་བཅུ་གསུམ། བརྒྱད་སྟོང་གསེར་བྲིས་མ་དང་དངུལ་བྲིས་མ། མར་བ་ལོ་ཙཱ་བས་འཕགས་ཡུལ་ནས་ཁྱེར་ཡོང་བའི་རྟེན་འགངས་ཆེན་སོགས་ཡོད་པ་རེད། དེར་མ་ཟད་ཕག་གྲུ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་མཁན་ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོ་དང་། གཅོད་ཡུལ་གྲུབ་མཐའི་སྲོལ་འབྱེད་མཁན་མ་ཅིག་ལབ་སྒྲོན། གསོ་བ་རིག་པའི་མེས་པོ་གཡུ་ཐོག་ཡོན་ཏན་མགོན་པོ་བཅས་ཀྱི་སྐུ་གདུང་བཞུགས་ཡོད་ལ། བོད་ཁམས་སུ་ཡོད་པའི་ས་འཛིན་ཟུར་གསུམ་ཅན་གྱི་མཆོད་རྟེན་གཅིག་པུ་ཡང་དགོན་སྡེ་འདི་རུ་བཞེངས་ཡོད་པ་རེད།
ས་འཛིན་ཟུར་གསུམ་ཅན་གྱི་མཆོད་རྟེན། (ཆིན་ལིན་གྱིས་པར་བླངས། )
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com