གླུ་མ་དབང་མོ་ཡུན་ཀྲིག་རྒྱལ་སྤྱིའི་ཇའི་རིག་གནས་ཡུལ་སྐོར་དུས་ཆེན་དུ་གདན་དྲངས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-25 11:05:00 ཀློག་གྲངས།:


གླུ་མ་དབང་མོ་ཡུན་ཀྲིག་རྒྱལ་སྤྱིའི་ཇའི་རིག་གནས་ཡུལ་སྐོར་དུས་ཆེན་དུ་གདན་དྲངས་ཏེ་གཞས་ཕུལ་བའི་ཚུལ།

          ཉེ་ལམ།  བོད་ཀྱི་ན་གཞོན་གླུ་མ་དབང་མོ་ཡུན་ཀྲིག་རྒྱལ་སྤྱིའི་ཇའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོར་གདན་འདྲེན་ཞུས་ཤིང་། མོས་ས་གནས་ཀྱི་གཟིགས་མོ་བ་རྣམས་ལ《རྩྭ་ཐང་ཆེན་མོའི་མཛའ་གཞས་ཕྲན་བུ》ཞེས་པའི་གླུ་གཞས་གསར་བ་ཕུལ་བ་མ་ཟད།  གླུ་བ་གཡུང་དྲུང་རྒྱལ་དང་ལྷན་དུ《རང་བྱུང་བརྩེ་གླུ》བླངས་པ་རེད།
          ཁོ་མོའི་རང་བྱུང་གླུ་སྐད་ཀྱིས་གཟིགས་མོ་བ་ཡོངས་ཀྱི་ཡིད་དབང་རབ་ཏུ་བཀུག་པར་མ་ཟད།   མཛད་སྒོའི་ཡུལ་དངོས་ལ་ཞུགས་པའི་རྒྱལ་ནང་གླུ་བ་གླུ་མ་རྣམས་ཀྱིས་ཀྱང་རབ་ཏུ་བསྟོད་ཅིང་། ཐ་ན་གར་སྟེགས་རྒྱབ་ཏུ་གློ་བུར་འཕྲད་པའི་རྒྱལ་ནང་གླུ་བ་ལིན་ཅུན་ཅེ་ལའང་སྤྲོ་བ་ཆེན་པོ་རྒྱས་ཏེ་མོའི་གླུ་སྐད་ལ་བསྔགས་བརྗོད་ཆེན་མོ་བྱས་པ་དང་ཆབས་ཅིག་རྗེས་ཕྱོགས་གོ་སྐབས་ལྡན་ཚེ་བོད་པའི་འཚོ་བ་དངོས་མྱོང་བྱེད་པར་གླུ་མ་དབང་མོས་ཁྲིད་སྟོན་གནང་བར་རེ་སྨོན་ཞུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།