མདོ་དབུས་མཐོ་སྒང་གི་སྡེ་ཁུལ་ཕྱུགས་ལས་ཚན་རྩལ(ཁྱུང་མཆུ་དཔེ་སྟོན་ས་ཁུལ)ལས་གཞིའི་འགོ་བརྩམས་པ།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། མགོན་པོ་དཔལ་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-26 12:14:00 ཀློག་གྲངས།:
              ཉེ་ཆར། མདོ་དབུས་མཐོ་སྒང་གི་སྡེ་ཁུལ་ཕྱུགས་ལས་ལས་རིགས་ཀྱི་ཚན་རྩལ(ཁྱུང་མཆུ་དཔེ་སྟོན་ས་ཁུལ)ལས་གཞི་དེ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ་ནས་དངོས་སུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོ་རུ་སི་ཁྲོན་ཞིང་ཆེན་སྤང་ལྗོངས་ཚན་རིག་ཞིབ་འཇུག་གླིང་དང་། ལྷོ་ནུབ་མི་རིགས་སློབ་ཆེན། རྔ་བ་ཁུལ་ཕྱུགས་ལས་སྨན་ཁང་། རྔ་བ་ཁུལ་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་སོགས་ལས་གཞི་ལས་ཁུངས་ཀྱི་ཆེད་ལས་མཁས་པ་དང་། ལག་རྩལ་བ། ཁྱུང་མཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་སོགས་ཞུགས་ཡོད་པ་རེད།
              རྒྱུས་ལོན་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་གི་སྡེ་ཁུལ་ཕྱུགས་ལས་ལས་རིགས་ཀྱི་ཚན་རྩལ་ལས་གཞི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་དར་སྤེལ་བྱས་པའི་ལོ་ལྔའི་འཆར་གཞི་བཅུ་གཉིས་ཀྱི་རྒྱལ་ཁབ་སྤྱི་ཕན་རང་བཞིན་གྱི་ལས་ཀའི་ཚན་རིག་ཞིབ་འཇུག་ཆེད་དམིགས་ལས་གཞི་ཞིག་ཡིན་ཞིང་། ལས་གཞི་འདིའི་དམིགས་ཡུལ་ནི་རང་བྱུང་རྩྭ་ཐང་ལ་སྲུང་སྐྱོབ་དང་བེད་སྤྱོད་འཚམ་པོ་བྱེད་པ་སོགས་གནད་འགག་ལག་རྩལ་ཞིབ་འཇུག་བྱས་ནས། མདོ་དབུས་མཐོ་སྒང་གི་འབྲོག་ཁུལ་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ལ་དཔེ་སྟོན་འདྲ་གཟུགས་མཁོ་འདོན་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྡེ་ཁུལ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཞབས་ཞུའི་ནུས་པ་དང་ཞིང་འབྲོག་མི་དམངས་ཀྱི་རང་ནུས་འཕེལ་རྒྱས་ནུས་པ་མཐོར་འདེགས་གཏོང་བ་ཡིན། ད་ནས་བཟུང་ལོ་ལྔའི་རིང་དུ་མདོ་དབུས་མཐོ་སྒང་སྡེ་ཁུལ་གྱི་ཕྱུགས་ལས་ལས་རིགས་ཀྱི་ཚན་རྩལ(ཁྱུང་མཆུ་དཔེ་སྟོན་ས་ཁུལ)ལས་གཞི་ཚོགས་པའི་ཆེད་ལས་མཁས་པ་དང་ལག་རྩལ་མི་སྣ་ཡིས་བོད་ཁུལ་དེང་རབས་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ཀྱི་མདུན་ལམ་དང་རྣམ་པ་ལ་ཧུར་བརྩོན་གྱིས་འཚོལ་སྙེག་དང་ལག་ལེན་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།