བོད་ཀྱི་སྲོལ་རྒྱུན་རོལ་ཆས་ཏེ་རྒོད་གླིང《བོད་ལྗོངས་ཀྱི་དཔྱིད་ཀ》ཞེས་པའི་རོལ་ཚོགས་སྟེང་མངོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-27 13:16:00 ཀློག་གྲངས།:


འཁྲབ་སྟོན་པ་ཚེ་བརྟན་ལགས་ཀྱིས་རྒོད་གླིང་གིས《འབྲོག་པའི་རྫི་གླུ》ཞེས་པ་འབུད་བཞིན་པ།             

              ཟླ5བའི་ཚེས28ཉིན་ནས་ཚེས29ཉིན 《བོད་ལྗོངས་ཀྱི་དཔྱིད་ཀ》ཞེས་པའི་རོལ་ཚོགས་དེ་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ་རུ་འཁྲབ་སྟོན་བྱེད་རྒྱུ་རེད། སྐབས་འདིའི་རོལ་ཚོགས་ལ་བོད་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པ་སྟེ། བོད་ལྗོངས་ཀྱི་གླུ་གཞས་ཁྱད་དུ་འཕགས་པ་དང་བོད་ལྗོངས་ཀྱི་གཞས་ཚིག་རྩོམ་མཁན་གྲགས་ཅན་གྱིས་བརྩམས་པའི་གླུ་གཞས་སོགས་ཡོད་པའི་ཁར། བོད་ཁམས་སུ་ཡུན་རིང་ལ་ཉམས་མེད་དུ་སོང་བའི་སྲོལ་རྒྱུན་གྱི་རོལ་ཆས་ཏེ་རྒོད་གླིང་ཡང་བསྐྱར་མངོན་པ་རེད། རྒོད་གླིང་ནི་བྱ་རྒོད་ཀྱི་རུས་པ་ལས་བཟོས་པས་མིང་དེ་ལྟར་ཆགས་པ་ཡིན་ཞིང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་བོད་ཁམས་སུ་དར་ཁྱབ་ཆེ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།