གུ་གེ་རྒྱལ་རབས་གནས་ཤུལ་གྱི་ལྡེབས་རིས་ཞིག་གསོ་བྱེད་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-28 09:49:00 ཀློག་གྲངས།:


ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གུ་གེ་རྒྱལ་རབས་གནས་ཤུལ་དུ་མངའ་བའི་ལྡེབས་རིས་རྙིང་བ།

              རྒྱུས་ལོན་བྱུང་བ་ལྟར་ན་མ་དངུལ་སྒོར་བྱེ་བ1ལ་ཉེ་བ་བཏང་བའི་གུ་གེ་རྒྱལ་རབས་གནས་ཤུལ་གྱི་ལྡེབས་རིས་ཞིག་གསོ་བྱེད་པའི་བཟོ་གྲྭ་འགོ་བརྩམས་ཤིང་། ཀན་སུའུ་ཏུན་ཧོང་ཞིབ་འཇུག་གླིང་གིས་གནས་ཤུལ་ནང་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ876གི་ལྡེབས་རིས་ཞིག་གསོ་བྱེད་པའི་བཟོ་གྲྭའི་འགན་བླངས་པ་དང་། སྔོན་རྩིས་བྱས་པ་ལྟར་ན2013ལོའི་ཟླ7པར་ལེགས་འགྲུབ་འབྱུང་རྒྱུ་རེད། 
              ལྡེབས་རིས་ཞིག་གསོ་ནི་གུ་གེ་རྒྱལ་རབས་གནས་ཤུལ་སྲུང་སྐྱོབ་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། འདུ་ཁང་དཀར་པོ་དང་། འདུ་ཁང་དམར་པོ། འཇིགས་བྱེད་ལྷ་ཁང་། སྒྲོལ་མ་ལྷ་ཁང་། དཀྱིལ་འཁོར་ལྷ་ཁང་བཅས་ཀྱི་ལྡེབས་རིས་དང་ཆོས་སྐྱོང་བྲག་ཕུག་ཅིག་གི་ལྡེབས་རིས་ལ་ཞིག་གསོ་བྱེད་རྒྱུ་རེད། 
              མ་དངུལ་སྒོར་ཁྲི5744བཏང་བའི་གུ་གེ་རྒྱལ་རབས་གནས་ཤུལ་སྲུང་སྐྱོབ་ཞིག་གསོ་བྱེད་པའི་བཟོ་གྲྭ2011ལོའི་ཟླ5བར་འགོ་བརྩམས་ཤིང་། དེ་ལ་ཁག་གསུམ་དུ་བགོས་ཡོད་པ་སྟེ། གུ་གེ་རྒྱལ་རབས་གནས་ཤུལ་གྱི་བཟོ་བཀོད་གཙོ་བོའི་ཞིག་གསོ་དང་། འདུ་ཁང་གི་ལྡེབས་རིས་ཀྱི་ཞིག་གསོ། གནས་ཤུལ་གྱི་གྱང་རུལ་དང་བྲག་ཕུག་སོགས་སྲ་བརྟན་དུ་གཏོང་བ་བཅས་སུ་འདུས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།