ངོས་དང་པོ > སྐབས་དོན། > སྣ་ཚོགས། > བོད་ལྗོངས་སྐྱེ་དངོས་བརྙན་གཟུགས་རྩིས་བཤེར་སྐོར་སྐྱོད་འགྲེམ་སྟོན་འགོ་ཚུགས་པ།
བོད་ལྗོངས་སྐྱེ་དངོས་བརྙན་གཟུགས་རྩིས་བཤེར་སྐོར་སྐྱོད་འགྲེམ་སྟོན་འགོ་ཚུགས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-05-28 11:10:00
ཀློག་གྲངས།:
ཟླ5བའི་ཚེས25ཉིན། བོད་ལྗོངས་སྐྱེ་དངོས་བརྙན་གཟུགས་རྩིས་བཤེར་སྐོར་སྐྱོད་འགྲེམ་སྟོན་པེ་ཅིང་དུ་འགོ་ཚུགས་ཤིང་། མ་འོངས་པའི་ཟླ་གཅིག་གི་རིང་དུ་ཀོང་ཀྲིག་དང་། ཧྲང་ཧེ། ཁྲིན་ཏུའུ། ཁྲོང་ཆིན་སོགས་སུ་སྐོད་སྐྱོད་འགྲེམ་སྟོན་བྱེད་རྒྱུ་རེད། ཐེངས་འདིའི་སྐོར་སྐྱོད་འགྲེམ་སྟོན་སྟེང་ཡར་ཀླུང་གཙང་པོའི་འགག་འཕྲང་དང་བྲག་གསུམ་མཚོའི་ཡུལ་ལྗོངས་སུ་ཡོད་པའི་སྐྱེ་དངོས་ཕུན་སུམ་ཚོགས་པོ་འགྲེམ་སྟོན་བྱས་པར་བརྒྱུད་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཅེས་སྤྲས་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།
2010ལོ་ནས2011ལོའི་བར་བོད་ལྗོངས་སྐྱེ་དངོས་བརྙན་གཟུགས་རྩིས་བཤེར་ལས་ཁུངས་དང་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་བརྙན་ཕབ་རྩིས་བཤེར་ཁང་མཉམ་འབྲེལ་བྱས་ནས་ཉིན62རིང་དུ་ཐེངས་གསུམ་ལ་ཕྱི་རོལ་ཏུ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཡུལ་དངོས་སུ་ཚན་རིག་གིས་རྟོག་ཞིབ་དང་བརྙན་ཕབ་བྱས་ཤིང་། རྟོག་ཞིབ་རུ་ཁག་གིས་བརྙན་གཟུགས་ལ་བརྟེན་ནས་འགག་འཕྲང་དུ་མངའ་བའི་རི་སྐྱེས་སྐྱེ་དངོས་རིགས850ལྷག་ཟིན་ཐོར་བཀོད་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན་ལོ་གཉིས་རིང་གི་རྟོག་ཞིབ་ཁྲོད་རི་སྐྱེས་སྐྱེ་དངོས་གསར་བ་དང་། ཚོགས་ཆུན་གསར་བ། ཁྱབ་ཁོངས་གསར་བ་སོགས་རྙེད་ཅིང་། དེའི་ཁྲོད་ལ་ལས་ཀྲུང་གོའི་ཟིན་ཐོ་གསར་བ་བསྐྲུན་ཡོད་པ་དང་མཉམ་དུ། སྐྱེ་ཁམས་ཀྱི་ཁྱབ་ཁོངས་སུ་བརྙན་གཟུགས་ཟིན་ཐོ་བཀོད་མེད་པའི་སྟོངས་ཆ་བསྐངས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།