ཆུ་གསུམ་རྫོང་དུ་སློབ་མའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་དང་པོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-29 08:57:00 ཀློག་གྲངས།:
  ཟླ5བའི་ཚེས25ཉིན། སློབ་མ་རྣམས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་དང་སློབ་སྦྱོང་གི་སྤྲོ་བ་བསྐྱེད་པར་དམིགས་ནས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་སློབ་མའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་དང་པོ་བསྡུས་པ་རེད།
  ཐེངས་འདིའི་འགྲེམ་འཚོང་འདུ་ཚོགས་སྟེང་སློབ་མའི་བརྩམས་ཆོས་གཙོར་བྱས་ཏེ་ཁོང་ཚོའི་ཕུལ་དུ་བྱུང་བའི་བརྩམས་ཆོས་འགྲེམ་སྟོན་བྱེད་པ་ཡིན་ཞིང་། ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་དེ་དག་ལས་གཙོ་བོ་བོད་མི་རིགས་ཀྱི་དམངས་ཁྲོད་ཀྱི་ལག་བཟོའི་སྒྱུ་རྩལ་མངོན་མཚོན་བྱེད་པ་སྟེ། ཐང་ག་དང་། བོད་ལུགས་ཁ་གདན། བོད་ལུགས་ཁྱིམ་ཆས་སོགས་ཡོད་པ་རེད། ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འདི་དག་ནི་སློབ་མ་རྣམས་ཀྱི་དཀའ་སྤྱད་སྡུག་རུས་ཀྱི་བརྩོན་སེམས་དང་ངལ་བའི་རྔུལ་ཆུའི་ཟེགས་མ་རེ་རེ་ལས་གྲུབ་ཅིང་། དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་སློབ་བུ་རྣམས་ལ་བཅངས་པའི་རེ་སྙེག་ཀྱང་མཚོན་ཐུབ་པ་རེད།
  ཐེངས་འདིའི་ལག་བཟོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བརྒྱུད་ནས་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་བ་ཆེས་ཆེར་བསྐྱེད་ཐུབ་པར་མ་ཟད། ཁོང་ཚོའི་གསར་གཏོད་ནུས་པ་དང་ལག་རྩལ་མཐོར་འདེགས་དང་། སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།