གླུ་བ་བསྟན་འཛིན་ཆོས་འབྱོར《བོད་གླུ་འགྲན་ཚོགས》སུ་ཡོང་ནས་རྒྱབ་སྐྱོར་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-31 11:15:00 ཀློག་གྲངས།:


གླུ་བ་བསྟན་འཛིན་ཆོས་འབྱོར་གྱིས《བོད་གླུ་འགྲན་ཚོགས》ལ་རྒྱབ་སྐྱོར་གནང་།

  ཉེ་སྔོན་སི་ཁྲོན་བརྙན་འཕྲིན་ཁང་གི《རང་བྱུང་སྙན་དབྱངས་བོད་གླུ་འགྲན་ཚོགས》ཞེས་པའི་ཐོག་མའི་འགྲན་སྡུར་པེ་ཅིང་ནས་འགོ་བརྩམས་ཤིང་། དེ་སྔའི《བོད་གླུ་འགྲན་ཚོགས》སྟེང་བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་བསྟན་འཛིན་ཆོས་འབྱོར་ལགས་པེ་ཅིང་འགྲན་ཁུལ་དུ་ཡོང་ནས《བོད་གླུ་འགྲན་ཚོགས》ལ་རྒྱབ་སྐྱོར་གནང་བ་རེད།
  སི་ཁྲོན་བརྙན་འཕྲིན་ཁང་གིས་སྤེལ་བའི《བོད་གླུ་འགྲན་ཚོགས》ལ“ཆེས་རྣལ་མའི་ལེགས་འདེམ་ལེ་ཚན”ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་། སྙན་གྲགས་ཅན་གྱི་དཔྱད་འདེམས་པའི་ཚོགས་དང་། འདྲ་མཉམ་དྲང་གཞག་གི་འགྲན་ལུགས། ལྷག་བསམ་རྣམ་པར་དག་པའི་འགྲན་ཞུགས་པ། སྒྲོ་འདོགས་ཀྱི་ལྷད་གང་ཡང་མ་འདྲེས་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཟེངས་སུ་ཐོན་ཞིང་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད། སི་ཁྲོན་བརྙན་འཕྲིན་ཁང་གིས་ད་ལོའི《བོད་གླུ་འགྲན་ཚོགས》ལ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་མ་ཟད། འགྲན་ཚོགས་ལས་བདམས་ཐོན་བྱུང་བའི་ཕུལ་དུ་བྱུང་བའི་འགྲན་ཞུགས་པ10ལ་ཕྱིའི་རྒྱལ་ཁབ་ཏུ་སོང་ནས་འཁྲབ་སྟོན་བྱེད་པའི་གོ་སྐབས་བཟང་བོ་ཡོད་པ་རེད།
  གླུ་བ་བསྟན་འཛིན་ཆོས་འབྱོར་ལགས་ཀྱིས་ན་ནིང་གི《བོད་གླུ་འགྲན་ཚོགས》སྟེང་གྲུབ་འབྲས་མི་དམན་པ་བླངས་རྗེས། 《མཐོ་སྒང་གི་དྲན་གདུང》དང《འཇའ་ཚོན་ལ་རེ་སྒུག》ཅེས་པའི་སྙན་འགྱུར་སྒྲ་འཛིན་གྱི་བཅུད་ལེན་པའི་གླུ་གཞས་ཁག་ཀུན་གྱི་སྙན་ལམ་དུ་ཕུལ་བར་དགའ་བསུ་ཆེན་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།