རེབ་གོང་སྒྱུ་རྩལ་ཆེད་སྒྲིག་འགྲེམ་སྟོན་ཧྲན་ཞི་ནས་བསྡུས་པ།
ཟླ6པའི་ཚེས9ཉིན་གྱི་རྒྱལ་ཁབ“ཤུལ་བཞག་རིག་གནས་ཉིན་མོ”ཐེངས་བདུན་པ་ལ་བསུ་ཆེད་ཧྲན་ཞི་ཞིང་ཆེན་རིག་དངོས་ཅུའུ་དང་། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ཧྲན་ཞིའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གིས་འགན་སྒྲུབ་གནང་བའི“སེམས་ཀྱི་ལོག་ཕེབས། ཉེ་བར་གནས་པའི་ལྷ་ཁང་སྟེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཆེད་སྒྲིག་འགྲེམ་སྟོན”ཞེས་པ་ཟླ6པའི་ཚེས2ཉིན་ཧྲན་ཞིའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་སྤེལ་འགོ་བརྩམས་པ་རེད།
ཐེངས་འདིའི་འགྲེམ་སྟོན་ཟླ6པའི་ཚེས9ཉིན་ནས་ཟླ7པའི་ཚེས20ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། འགྲེམ་སྟོན་ལ་ཁག་བདུན་དུ་འདུས། འགྲེམ་སྟོན་ཁྲོད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་ཁང་དུ་ཉར་པའི་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་དང་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་པས་བཞེངས་པའི་ཐང་ག་དང་། ལྡེབས་རིས། གཙགས་དྲུབས། འཇིམ་བརྙན། རྡོ་བརྐོས་སོགས་སྒྱུ་རྩལ་གྱི་གཙུག་ནོར130ཡོད་པ་རེད། ཐེངས་འདིའི་འགྲེམ་སྟོན་ལས་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཅིང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྒྱུ་རྩལ་ཤེས་བྱ་དང་འབྲེལ་ནས་འབྱམས་ཀླས་པའི་བོད་ཀྱི་རིག་གནས་དང་བོད་མི་རིགས་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་ཡུལ་དེ་གའི་མང་ཚོགས་ཀྱི་མཐོང་ལམ་དུ་གསལ་ལེར་མངོན་པ་རེད།
རེབ་གོང་སྒྱུ་རྩལ་ལ་ཐང་ག་དང་། གཙགས་དྲུབས། འཇིམ་བཟོ། ཤིང་བརྐོས། བཟོ་བཀོད་ཚོན་རིས། མཛེས་རིས་སོགས་སྒྱུ་རྩལ་གྱི་རྣམ་པ་མང་དུ་འདུས་ཤིང་། ཐང་ག་དང་། གཙགས་དྲུབས། འཇིམ་བཟོ་གསུམ་ནི་རེབ་གོང་ཡུལ་གྱི་སྒྱུ་རྩལ་མཆོག་གསུམ་དུ་བརྩི་བ་ཡིན། ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱ་ནོམ་པ་ཡོད་པས་རེབ་གོང་ལ་བོད་ཀྱི་མཛེས་རིས་ཀྱི་ཕ་ས་དང་། ཐང་གའི་སྒྱུ་རྩལ་གྱི་ཕ་ས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁུལ་བཅས་ཀྱི་མཚན་སྙན་གསོལ་ཡོད་ལ། ཐང་ག་གཙོར་བྱས་པའི་རེབ་གོང་སྒྱུ་རྩལ་དེ་འཛམ་གླིང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བཀོད་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com