ཟི་ལིང་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཨ་མདོ་བྱམས་པ་རྗེས་དྲན་བྱ་འགུལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-04 10:51:00 ཀློག་གྲངས།:


སྐབས་ཉེར་དྲུག་པའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དུ་གླུ་གཞས་ལེན་པ།

         ཟླ6པའི་ཚེས2ཉིན་གྱི་སྔ་དྲོ་ཆུ་ཚོད10ཡི་སྟེང་།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་དང་། མཚོ་སྔོན་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་མི་རིགས་གློག་བརྙན་བསྒྱུར་སྒྲིག་ཁང་།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་སྐབས་ཉེར་དྲུག་པའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟི་ལིང་ལྷོ་རིའི་གླིང་གར་ཚོགས་ཤིང་། མཚོ་སྔོན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་འགོ་གཙོ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་སྟག་འབུམ་ཐར། ཞིང་ཆེན་དམངས་ཆེན་གྱི་འགོ་གཙོ་གཞོན་པ་སྐལ་བཟང་རྡོ་རྗེ། ཞིང་ཆེན་མི་རིགས་དོན་གཅོད་ཁང་གི་འགོ་གཙོ་ཕུར་བ་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་མཛད་སྒོར་ཞུགས་ཡོད་པར་མ་ཟད། མདོ་དབུས་ཁམས་གསུམ་གྱི་རི་མོ་སྒྱུ་རྩལ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ཞིབ་འཇུག་ཚོགས་པ་དང་སོག་རིགས་ཞིབ་འཇུག་ཚོགས་པའི་སྐུ་ཚབ་ཀྱང་ཡུལ་དངོས་སུ་ཞུགས་ཡོད། འདིར་ཟི་ལིང་ས་ཁུལ་གྱི་བོད་མི་ལས་གཞན་ད་དུང་ཕྱོགས་སོ་སོ་ནས་ཆེད་དུ་ཐེངས་འདིའི་དུས་ཆེན་ལ་ཡོང་བའི་བོད་མི་གང་མང་གིས་ཀྱང་གཟབ་མཆོར་སྤྲས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་ཡུལ་དངོས་སུ་ཐོན་ཡོད་པ་རེད། 


ཨ་རྩེད་ཅེས་པའི་རིག་རྩལ་འཁྲབ་སྟོན།

         འདིར་རིག་རྩལ་སྣ་ཚོགས་ཏེ་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭའི་བྲོ་གར《ཁམས་པའི་ཕོ་རྒོད》དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སངས་རྒྱས་མཁའ་འགྲོས་བླངས་བའི་དམངས་གླུ《བོད་ཡང་ཡང་འཛོམས་པའི་སྨོན་ལམ་འདེབས》། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལས་སྒྲུབ་པ་སྐོར་ཞིག་གིས་བླངས་པའི《ཤེས་རིག་གི་ཕོ་ཉ》། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྡོ་རྗེ་ཚེ་བརྟན་དང་ཚེ་སྐྱིད་གཉིས་ཀྱིས་མཉམ་དུ་བླངས་པའི《མཆོད་ཆང》སོགས་དང་།   དེ་མིན་རུ་ཁག་སོ་སོའི་ཨ་རྩེད་སོགས་དམངས་ཁྲོད་ཀྱི་རིག་རྩལ་ཡང་གང་མང་འདུག་ལ། ཕྱི་དྲོར་ལྷན་གྱིས་སྐོར་བྲོ་འཁྲབ་པ་བཅས་བྱས་ཏེ་ཡུལ་དངོས་ཀྱི་བོད་རིགས་མི་དམངས་ཀུན་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པ་བྱུང་།


ཨ་མདོ་བྱམས་པ་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་ཡུལ་དངོས།


ཨ་མདོ་བྱམས་པ་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་ཡུལ་དངོས།

         ཚེས3ཉིན། བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཨ་མདོ་བྱམས་པ་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་བྱ་འགུལ་སྤེལ། ཨ་མདོ་བྱམས་པའི་དངོས་མིང་ལ་བྱམས་པ་ཟེར་ཞིང་ཨ་མདོ་ས་ཆ་ནས་ཡིན་པའི་ཁར་ཨ་མདོ་བྱམས་པ(1914ལོ་ནས2002ལོའི་བར)ཞེས་སུ་གྲགས། ཆུང་དུས་ནས་རི་མོའི་སྒྱུ་རྩལ་ལ་ཤིན་ཏུ་དུངས། དུས་རབས་སྔོན་མའི་ལོ་རབས་སུམ་ཅུའི་ནང་ལྷ་ས་རུ་ཆོས་ལུགས་རི་མོའི་ལས་ལ་གཞོལ་ཏེ་མིང་དུ་གྲགས་ཤིང་།  ཁོས་གསར་བསྐྲུན་གནང་བའི་ལྡེབས་རིས་འགངས་ཆེན་དག་ད་ལྟའི་བར་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་སུ་ཉར་ཡོད།


ཨ་མདོ་བྱམས་པ་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་ཡུལ་དངོས།

         ཨ་མདོ་བྱམས་པ་སྐུ་འདས་ནས་ལོ་འཁོར་བཅུ་ལོན་པའི་སྐབས་འདིར། བོད་ཀྱི་རིག་གནས་སྲོལ་བཟང་དར་སྤེལ་དང་ཨ་མདོ་བྱམས་པའི་ལྷ་རིས་སྒྱུ་རྩལ་ཞེས་པའི་རིག་གནས་གསར་སྐྲུན་གྱི་བློ་དང་ཤེས་རིག་སོགས་སྤྱི་བསྡོམས་དང་། ལྷ་རིས་སྒྱུ་རྩལ་པ་ཞིག་གིས་མི་རིགས་རིག་གནས་ལ་བཞག་པའི་བླ་མེད་མཛད་རྗེས་བཅས་ལ་རྗེས་དྲན་བྱེད་པར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་བོད་ཁུལ་དང་ཁྲིན་ཏུའུ། པེ་ཅིང་སོགས་ས་ཁུལ་གྱི་སྒྱུ་རྩལ་པ་དང་། བོད་རིག་པའི་ཆེད་མཁས་སོགས་གདན་དྲངས་ཏེ་ཨ་མདོ་བྱམས་པའི་ལྷ་རིས་སྒྱུ་རྩལ་གྱིས་རྗེས་རབས་པ་རྣམས་ལ་བཞག་པའི་བསམ་བློའི་བག་ཆགས་དང་སྒྱུ་རྩལ་གྱི་ཐད་ནས་བགྲོ་གླེང་མཛད།


བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱིས་གཏམ་བཤད་གནང་བཞིན་པ།


མིང་གྲགས་སྒྱུ་རྩལ་པ་ཝུན་ཕུ་ལིན་གྱིས་ཨ་མདོ་བྱམས་པའི་སྒྱུ་རྩལ་ལ་གདེང་འཇོག་བྱེད་པ།

         ཁོང་གི་གྲོགས་པོ་སྟེ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་དང་། པེ་ཅིང་ན་ཡོད་པའི་གྲོགས་པོ། མིང་གྲགས་སྒྱུ་རྩལ་པ་ཝུན་ཕུ་ལིན། སྒྲིག་འཁྲབ་པ་ཝུན་ཕུ་ཆིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཆེད་མཁས་པ་དཀོན་མཆོག་བསྟན་འཛིན། དེ་མིན་ཐེངས་འདིའི་བྱ་འགུལ་གྱི་བློ་འདོན་པ་སྟེ་མཚོ་སྔོན་བོད་རིགས་རི་མོའི་སྒྱུ་རྩལ་པ་གསེར་བྲག་དོན་འགྲུབ་ཚེ་བརྟན་ཡང་ཡུལ་དངོས་སུ་སླེབས་ཏེ་གཏམ་བཤད་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།