2012ལོའི“རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་མུ་འབྲེལ་བྱ་འགུལ”ཨ་ཆེན་གངས་རྒྱབ་ཏུ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-07 11:07:00 ཀློག་གྲངས།:


2012ལོའི“རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་མུ་འབྲེལ་བྱ་འགུལ”ཨ་ཆེན་གངས་རྒྱབ་ཏུ་འགོ་བརྩམས་པ།

  ཟླ6པའི་ཚེས5ཉིན། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་འགོ་བཟུང་སྟེ་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། མཚོ་སྔོན་ཞིང་ཆེན་དངས་བླངས་པའི་མཐུན་ཚོགས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་སོགས་ཀྱིས་མཉམ་དུ་སྤེལ་བའི2012ལོའི“རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་མུ་འབྲེལ་བྱ་འགུལ”དེ་མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་དངོས་སུ་འགོ་བརྩམས་པ་རེད།
  འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་ཉེ་བའི་ལོ་ནང་ཨ་ཆེན་གངས་རྒྱབ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་སྲུང་སྐྱོབ་ཁུལ་དོ་དམ་ཅུའི་ལས་འགན་གཙོ་བོ་ཡང་ཐོག་མའི་རི་དྭགས་གཙོད་ཁོ་ན་ལ་སྲུང་སྐྱོབ་བྱེད་པ་ནས་མཐའ་འཁོབ་ཀྱི་སྐྱེ་ཁམས་མ་ལག་དང་བརླན་སའི་སྐྱེ་ཁམས་མ་ལག་ལ་རྟོག་ཞིབ་དང་སྲུང་སྐྱོབ་བྱེད་པར་གྱུར་ལ། ད་ལོར“འཛམ་གླིང་ཁོར་ཡུག་ཉིན”ལ“རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་མུ་འབྲེལ་བྱ་འགུལ”སྤེལ་བའི་དམིགས་ཡུལ་ནི་སྤྱི་ཕན་ཁྱབ་སྒྲོག་བརྒྱུད་ནས་སྤྱི་ཚོགས་ཡོངས་ཀྱིས་ཨ་ཆེན་གངས་རྒྱབ་དང་མཐོ་སྒང་གི་སྐྱེ་ཁམས་ལ་དོ་སྣང་བྱས་ཏེ་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་པའི་མཚོན་རྟགས་ཀྱི་ཕན་ནུས་ཤིག་ཐོན་རྒྱུ་དེ་ཡིན།
  ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་དེ1997ལོའི་ཟླ12པར་བཙུགས་པ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4.5དང་། ཆ་སྙོམས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4600ལས་བརྒལ་ཡོད་པས། “མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་རང་བྱུང་དགའ་ཚལ”ཞེས་པའི་མཚན་སྙན་གསོལ་ཡོད་ལ། མིག་སྔའི་བར་དུ་འཛམ་གླིང་སྟེང་སྐྱེ་ཁམས་ཁོར་ཡུག་གི་གཉུག་གནས་རྣམ་པ་སྲུང་འཛིན་བྱས་པ་ཆེས་ལེགས་པོའི་ས་ཁུལ་གྱི་གྲས་ཤིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།