མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་རྡལ་གྱི་མི་རིགས་རིག་གནས་ལྟེ་གནས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-07 15:03:00 ཀློག་གྲངས།:

         མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་རྡལ་གྱི་མི་རིགས་རིག་གནས་ལྟེ་གནས་ནི་མགོ་མང་གྲོང་རྡལ་ཚ་ནག་སྡེ་བའི་གནམ་ལྷ་བྱམས་ཀྱིས2000ལོར་མ་དངུལ་བཏང་སྟེ་འཛུགས་སྐྲུན་གནང་བ་ཞིག་ཡིན་ཞིང་། ཁོས་ནོར་ལུག་གསོ་སྤེལ་ཁང་སོགས་ལས་ཡོང་སྒོ་ཐོབ་པ་དག་ས་གནས་རིག་གནས་ལས་རིགས་འཛུགས་སྐྲུན་དུ་བཀོལ། མི་རིགས་དཔེ་མཛོད་ཁང་གསར་སྐྲུན་དང་། བྱེ་བྲག་གློག་བརྙན་ཕྱིར་གཏོང་རུ་ཁག་རྩ་འཛུགས་གནང་བ།  རང་ཉིད་ཀྱི་མ་དངུལ་སྒོར་ཁྲི2བཏང་སྟེ་གཙགས་དྲུབ་དང་རྡོ་བརྐོས་སོགས་ལས་གཞི་སྒྲུབ་ནས་ས་གནས་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
         རྒྱུས་ལོན་པ་ལྟར་ན། གནམ་ལྷ་བྱམས་ཀྱི་རྩ་འཛུགས་དང་སྣེ་ཁྲིད་འོག་མི་རིགས་རིག་གནས་ལྟེ་གནས་སུ་ཐེངས་གང་མང་ལ་གླུ་གར་དང་། མིག་མང་སོགས་འགྲན་བསྡུར་སྤེལ་ཞིང་། ལོ་རེའི་ཟླ6པའི་ཚེས5ཉིན་བོད་ཀྱི་དམངས་གླུ་འགྲན་བསྡུར་ཉིན་མོ་རུ་ངེས་གཏན་བྱས་ཏེ་གནས་འདིར་འཁྲབ་སྟོན་སྣ་ཚོགས་བྱས།  ནང་སྒོས་སུ་དུས་ཆེན་དང་གུང་གསེང་སྐབས་སུ་མང་ཚོགས་ཟབ་ཞུགས་བྱེད་ཚད་སྔར་ལས་དྲག་པ་རེད།
         ཁོས་རྗེས་ཕྱོགས་ཀྱང་མུ་མཐུད་དུ་རིག་གནས་བྱ་འགུལ་གྱི་ཐད་ལ་མ་དངུལ་གཏོང་བ་དང་།  རིག་གནས་རུ་ཁག་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་བསྟན་ཞིང་། མིག་སྔར་དཔེ་མཛོད་ཁང་གཙོས་པའི་རྩིས་འཁོར་དང་། དབྱིན་ཡིག་གསོ་སྦྱོང་། གློག་བརྙན་གཏོང་བ་སོགས་བྱེད་པའི་རིག་གནས་བྱ་འགུལ་ནི་མགོ་མང་གྲོང་རྡལ་དང་ཐ་ན་མང་རྫོང་གིས་རིག་གནས་དྲིལ་བསྒྲགས་ལྟེ་གནས་ཁྱིམ་ཐོ་སྐྲུན་པའི་དཔེ་གཞིར་གྱུར་ཏེ་གནས་དེའི་མང་ཚོགས་ལ་ཕན་ཁེ་མི་དམན་པ་ཞིག་ཐོན་ལ། རྒྱ་ཆེའི་མི་དམངས་ཀྱི་ཚན་རྩལ་དང་། རིག་གནས། ཆ་འཕྲིན་སོགས་ཀྱི་དགོས་མཁོ་སྐོང་བ་དང་། ས་གནས་རོང་འབྲོག་མང་ཚོགས་ཀྱིས་སྔ་ན་མེད་པར་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་ཞིག་མྱོང་བར་དགེ་མཚན་ལེགས་པོ་ཐོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།