བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་སྐབས་དང་པོ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-11 09:58:00 ཀློག་གྲངས།:


དཔེ་རྙིང་རྩ་ཆེན་ཏེ《ཕྱི་མའི་རྒྱུད་ཀྱི་འགྲེལ་བ》

བོད་སྤོས་ལས་སྣོན་བྱེད་བཞིན་པ།

བྱང་བོད་ཀྱི་བསླས་འཐག་བཟོ་རྩལ།
陶器的制作技艺
རྫ་བཟོའི་ལག་རྩལ་འགྲེམ་སྟོན་བྱེད་བཞིན་པ།

བཟོ་རྩལ་ཁྱད་དུ་འཕགས་པའི་བོད་ཤོག་སྣ་ཚོགས།

  ཟླ6པའི་ཚེས9ཉིན། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་སྐབས་དང་པོ་ལྷ་ས་གྲོང་ཁྱེར་ནས་སྤེལ་བ་རེད། ཐེངས་འདིའི་འགྲེམ་སྟོན་གྱིས“སྲུང་སྐྱོབ་རྒྱུན་འཛིན་དང་། འོས་འཚམ་བེད་སྤྱོད”ཅེས་པ་བརྗོད་གཞིར་བྱས་ནས་དངོས་པོའི་འགྲེམ་སྟོན་དང་། བཟོ་རྩལ་འགྲེམ་སྟོན། བྲོ་གཞས་འཁྲབ་སྟོན། མཛེས་རིས་ཁྱབ་སྒྲོག་སོགས་ཀྱི་རྣམ་པ་བརྒྱུད་ནས་འགྲེམ་སྟོན་བྱས་པ་རེད། ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་བསྡོམས་པས42ཡོད་ཅིང་། དེའི་ཁྲོད་ལག་ཤེས་བཟོ་རྩལ་རིགས་ཀྱི་ལས་གཞི18དང་བོད་ཀྱི་གསོ་རིག་ལས་གཞི5། ཐང་གའི་ལས་གཞི6བཅས་འགྲེམ་སྟོན་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི29དང་། སྲོལ་རྒྱུན་གྱི་བྲོ་གཞས་འཁྲབ་སྟོན་ལས་གཞི13འདུས། ཐེངས་འདིའི་འགྲེམ་སྟོན་ཟླ6པའི་ཚེས15ཉིན་བར་དུ་སྤེལ་རྒྱུ་ཡིན་པ་དང་། རིགས་སོ་སོའི་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་པ300ཡས་མས་ཤིག་འགྲེམ་སྟོན་དང་འཁྲབ་སྟོན་བྱ་འགུལ་ཁྲོད་ཞུགས་པ་རེད།

ལྷ་སའི་བྱང་ལུགས་ཀྱི་བཙོ་ཐལ་འདུལ་ཐབས།

རྒྱལ་ཁབ་རིམ་པའི་སྐར་རྩིས་ཆེད་མཁས་པ།

ཞལ་འབག་སྣ་ཚོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།