ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱིས་རྟ་རྒྱུག་འགྲན་ཚོགས་སྤེལ་བ།
ལྷ་བསང་བཏང་ནས་རྒྱལ་ཁ་ལེན་པར་སྨོན་འདུན་ཞུ་བ།
སྔ་བ་སྔོན་མ་བརྩད་ནས་སྔོན་དུ་རྒྱུག་བཞིན་པ།
ཟླ6པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཤེས་ཡོན་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་རྟ་རྒྱུག་འགྲན་ཚོགས་ཤིག་སྤེལ་བ་རེད།
སྔ་དྲོར་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་པ་དང་སྡོང་ནས་འགྲན་ཞུགས་པ་དང་ཡུལ་དེའི་ལྟད་མོ་བ་རྣམས་རྟ་རར་འཛོམས་ནས་རྟ་རྒྱུག་འགྲན་སྡུར་ལ་གྲ་སྒྲིག་བྱེད་འགོ་བརྩམས་པ་དང་། ཉིན་དེར་ཡུལ་དེའི་ལྟད་མོ་བ་རྣམས་མ་གྲོས་རང་མཐུན་གྱིས་མཉམ་དུ་འཛོམས་པར་མ་ཟད། ཡུལ་གཞན་གྱི་ལྟད་མོ་བ་ཡང་མང་པོ་ཞིག་བུང་བའི་ཚོགས་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་སྔ་མོ་ནས་ཡུལ་དེར་སླེབས་པ་རེད།
རྟ་མཆོག་གི་ལུས་ལ་དར་གོས་སྣ་ཚོགས་ཀྱིས་བསྒྲོན་ནས་རྟ་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ་བ།
རྩྭ་ཐང་སྟེང་གི་རྟ་པ་ཆུང་ཆུང་།
རྟ་རྒྱུག་འགྲན་ཚོགས་ཀྱི་སྟེང་ལྟད་མོ་བ་རྣམས་ཀྱིས་ལྟ་བས་མི་ངོམས་པའི་རྟ་རྒྱུག་འགྲན་སྡུར་མཐོང་ཐུབ་པ་དང་མཉམ་དུ། ན་གཞོན་ཕོ་མོ་རྣམས་ཀྱིས་ལུས་ལ་གང་ལེགས་གང་མཛེས་ཀྱི་གཟབ་མཆོར་ཀྱིས་སྤྲས་འདུག་པས། འགྲན་ཚོགས་འདི་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པའི་རྒྱན་གོས་འཁྲབ་སྟོན་གྱི་སྤྲོ་ཚོགས་ཤིག་དང་མཚུངས་ལ། དེ་མིན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཚོང་བ་རྣམས་ཀྱང་ངང་བ་པད་མཚོར་འཇུག་པ་ཇི་བཞིན་ཡུལ་དེར་འཛོམས་ནས་ཚོང་ལས་ལ་ཕྱོགས་ཤིང་། ཡུལ་དེའི་མང་ཚོགས་ཀྱིས་འུར་འུར་ཟང་ཟིང་གི་ཁྲོམ་རའི་ཐོག་དངོས་ཟོག་ཉོ་འཚོང་རྒྱག་ཐུབ་པས། འདི་ནི་གཡུ་ཡི་མཎྡྲལ་འདྲ་བའི་སྔོ་ལྗང་ལྗང་གི་རྩྭ་ཐང་དུ་སྤེལ་བའི་སྤྲོ་ཚོགས་ཆེན་མོ་ཞིག་གམ་ཚོང་ཚོགས་ཆེན་མོ་ཞིག་དང་གཉིས་སུ་མ་མཆིས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com