དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་རིག་གནས་ཤུལ་བཞག་ཉིན་མོའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-13 09:57:00 ཀློག་གྲངས།:


དཔའ་རིས་རྫོང་བོད་དུ་རིག་གནས་ཤུལ་བཞག་ཉིན་མོའི་བྱ་འགུལ་སྤེལ་བ།

         ཉེ་ལམ།  ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཐེངས་བདུན་པའི་རིག་གནས་ཤུལ་བཞག་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ་ཞིང་། དཔའ་རིས་རྫོང་སྲིད་གཞུང་གི་ཐང་ཆེན་དུ་རྩ་འཛུགས་པས་ཡིག་རིས་རྣམ་པས་དཔའ་རིས་ལོ་རྒྱུས་རིག་གནས་ཀྱི་གལ་ཆེའི་ཁག་རྣམས་ཡུལ་དངོས་གཟིགས་མོ་བ་ཡོངས་ལ་མདོར་བསྡུས་ཀྱིས་མཚམས་སྦྱོར་གནང་།
         འདིར་དཔའ་རིས་ས་ཆའི་ཁྱད་འཕགས་སྲོལ་རྒྱུན་རིག་གནས་མངོན་པ་མ་ཟད། ས་གནས་ཀྱི་དཔའ་རིས་བོད་རིགས་དམངས་ཁྲོད་གླུ་བ་གཙོས་པའི་དཔའ་རིས་བོད་རིགས་དམངས་གླུ་ཆེད་ཚོགས་བྱ་འགུལ་ཡང་སྤེལ།
         དཔའ་རིས་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གསར་དུ་བཙུགས་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་རྫོང་དང་པོ་ཡིན་ཞིང་། ས་འདིའི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པ་དང་། ལོ་རྒྱུས་སུ་མིང་དུ་གྲགས་པའི་བླ་ཆེན་ནམ་མི་སྣ་གང་མང་བྱུང་མྱོང་ལ།  སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་གནས་འདིར་ཡུན་དུ་རྒྱུད་སྤེལ་བྱས།           
         འདི་ལྟ་བུའི་རིག་གནས་ཤུལ་བཞག་ལ་ཁ་གཏད་དེ་དཔའ་རིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ་དོ་དམ་ལ་ཤུགས་སྣོན་བྱས། ནང་སྒོས་སུ་ཉེ་བའི་ལོ་འགའི་ནང་དཔའ་རིས་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་མི་རིགས་རིག་གནས་ཤུལ་བཞག་ཐད་ཀྱི་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་སྟེ་མི་རིགས་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། ལེགས་བཀོལ། རྒྱུན་འཛིན་བཅས་ལ་ཡར་སྐུལ་བྱས་པ་མ་ཟད་འདི་ལྟ་བུའི་བྱ་འགུལ་བརྒྱུད་མི་རྣམས་ཀྱིས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་འདུ་ཤེས་སྐུལ་སློང་དང་། རིག་གནས་ཤུལ་བཞག་ཏུ་འདུས་པའི་བསམ་པའི་རིན་ཐང་དང་སྒྱུ་རྩལ་བཅས་ཡོངས་སུ་མངོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།