མཚོ་ལྷོ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་སྒོ་བྱང་གནང་།
མཚོ་ལྷོ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་སྒོ་བྱང་གནང་།
སྤྱི་ཟླ9པའི་ཚེས15ཉིན། མཚོ་ལྷོ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་སྒོ་བྱང་གནང་བ་དང་། རྒྱལ་ཡོངས་དཔེ་བཟང་ཁུལ་འཛུགས་སྐྲུན་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་དང་། གྲོས་ཚོགས་སྟེང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་།གུང་ཧོ་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྫོང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ལས་ཁུངས་བཅས་སུ་བདམས་པའི་ཐག་གཅོད་ཡི་གེ》སྒྲོག་འདོན་བྱས་པ་མ་ཟད། དམིགས་བསལ་གྱི་གཟི་བརྗིད་ལྡན་པའི་ས་ཁུལ་དང་ལས་ཁུངས་དག་ལ་སྒོ་བྱང་གནང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་སུང་ཞའོ་ཡེས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཟི་ཡི་ཟི་ཀྲང་སའེ་ཆིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ། ཁུལ་དཔོན་བསོད་ནམས་དོན་འགྲུབ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་བརྒྱད་ཅུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀུན་བཟང་། ཁུལ་ཨུའི་རྒྱུན་ཨུ་ཡེ་བུན་པིན། ཁྲིན་ཧོང་ལིན། ལིས་ཆིན་མེན། ལིས་ཞའོ་ལིན། དེ་མིན་ཁུལ་ཨུའི་པུའུ་སོ་སོ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གྲོས། ཁུལ་གཏོགས་ལས་ཁུངས་སོ་སོའི་འགན་ལེན་པ་གཙོ་བོ་ཚོགས་འདུར་ཞུགས།
མཚོ་ལྷོ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་སྒོ་བྱང་གནང་།
ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་གསུང་བཤད་གནང་བ།
2017ལོའི་ལོ་མཇུག་ཏུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། གུང་ཧོ་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་། ཁུལ་མི་དམངས་སྨན་ཁང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་དུ་བདམས། ཐེངས་འདིའི་གྲོས་ཚོགས་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མི་རིགས་བྱ་བའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གསར་སྐྲུན་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་ཇེ་མཐོར་གཏོང་བ། མཚོ་ལྷོ་ཁུལ་གྱི་གསར་སྐྲུན་བྱེད་སྟངས་དང་སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་བྱེད་སྟངས་ལ་ཕྱོགས་བསྡོམས་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག གོམ་གང་མདུན་སྤོས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། བགྲོད་ལམ་གསར་བའི་སྟེང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་འབད་པ་བྱེད་དགོས།
ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་བཤད་རྒྱུར། རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་ཚོགས་འདུར་ཞུགས་ཏེ་སྒོ་བྱང་གནང་བ་དང་། བྱ་བར་མཛུབ་སྟོན་གནང་བ་འདི་ནི་རང་ཁུལ་གྱི་གསར་སྐྲུན་བྱ་བར་ཁས་ལེན་གང་ལེགས་ཐོབ་པ་མ་ཟད། མཚོ་ལྷོ་ཁུལ་གྱིས་དུས་རིམ་གསར་བའི་ནང་གསར་སྐྲུན་བྱ་བ་ལེགས་པོ་སྒྲུབ་པར་སྐུལ་ལྕག་ཆེན་པོ་གནང་བ་རེད་ཟེར། དེ་མིན་ཐེངས་འདིའི་གོ་སྐབས་དང་བསྟུན་ནས། རང་ཁུལ་གྱིས་སྔར་ལར་ལྷག་པའི་སྒོ་ནས་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་སྐྲུན་ལ་སྐུལ་འདེད་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁུལ་འཛུགས་སྐྲུན་བྱེད་པར་བྱེ་བྲག་གི་རེ་བ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཐོག་མར་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་བྱ་བ་དང་། ལྷག་པར་དུ་གསར་སྐྲུན་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་། ཁུལ་མི་དམངས་སྨན་ཁང་བཅས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་རྫོང་། དཔེ་སྟོན་ལས་ཁུངས་བཅས་སུ་བདམས་པར་རྟེན་འབྲེལ་ཞུས་པ་མ་ཟད། དུས་ཡུན་རིང་བའི་ནང་མཚོ་ལྷོ་ཁུལ་གྱི་གསར་འཛུགས་བྱ་བའི་ཁྲོད་ཞུགས་པའི་རྒྱ་ཆེའི་ལས་བྱེད་པ་དང་། ལས་རིགས་ཁག་གི་མི་སྣ། རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་མ་ཟད། མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་བཏོན་པའི་བླང་བྱ་གལ་ཆེན་གཞིར་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་ཆེན་དང་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁུལ་གསར་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། གོམ་གང་མདུན་སྤོས་ཀྱིས་རིགས་སོ་སོའི་འབྲེལ་འདྲིས་གནང་བར་སྐུལ་འདེད་བཏང་ནས། དམངས་འཚོ་ལེགས་བཅོས་བྱེད་པ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་སྐྲུན་བྱེད་པར་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཞུགས་འགོ་ཁྲིད་རྣམ་པ།
ཚོགས་འདུའི་ཟུར་ཞིག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།