ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་བཤུལ་ལམ།
སེམས་ཀྱི་ཉི་ཟླའི་རིག་གནས་བཤུལ་ལམ།
ལོ་རྒྱུས་སྟེང་སེམས་ཀྱི་ཉི་ཟླ་རྫོང་ནི་ཇ་རྟའི་གནའ་ལམ་གྱི་འགག་མདོ་ཡིན་པ་དང། རྫོང་ཡོངས་ཀྱི་མི་རིགས་སོ་སོས་རང་རྐྱ་འཕེར་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ་ཕུན་སུམ་ཚོགས་པའི་སེམས་ཀྱི་ཉི་ཟླའི་རིག་གནས་ཐོན་རྫས་གྲགས་ཅན་གྲུབ་པར་བྱས་ཡོད། ཉེ་བའི་ལོ་ཤས་ནང་སེམས་ཀྱི་ཉི་ཟླ་རྫོང་གིས་རྩ་འཛུགས་བྱས་ནས་མི་རིགས་དམངས་ཁྲོད་རིག་གནས་ཀྱི་ཞིབ་བཤེར་བྱ་བ་ལག་བསྟར་བྱས་ཏེ་བོད་ཀྱི་སྤྱི་ཚོགས་རྒྱལ་ཁབ་རིམ་པའི་རིག་དངོས་རྩ་ཆེན་སྲུང་སྐྱོབ་ལས་ཁུངས་སུ་བདམས་པ་དང་། དགའ་ལྡན་སྲོང་བཙན་གླིང་དགོན་པ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་བདམས་ཤིང་སེམས་ཀྱི་ཉི་ཟླའི་བོད་རིགས་སྒོར་བྲོ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་དཀར་ཆག་ཏུ་བཀོད། དུས་རབས21ལ་བསླེབས་པ་ནས་བཟུང་། སེམས་ཀྱི་ཉི་ཟླ་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་བྱ་བ་དེ་ལས་ཁྱབ་ཆེ་བ་དང་གཏིང་ཟབ་པའི་སྒོ་ནས་སྤེལ། ཕྱོགས་ཡོངས་ནས་རྫོང་ཡོངས་ཀྱི་མི་རིགས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱས། ལོ10ལྷག་གི་དཀའ་སྤྱད་འབད་བརྩོན་འོག་བོད་ཀྱི་སྒོར་བྲོ་དང་སྟོན་པའི་ཤོག་བཟོ་སྒྱུ་རྩལ། གེ་སར་སྒྲུང་གི་བཤད་པ། བོད་ཀྱི་རྫ་ནག་ལག་ཤེས་སོགས་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་དཀར་ཆག་ལས་གཞིའི་ནང་བཀོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com