བོད་ལྗོངས་ཀྱིས་ཐང་གའི་སྒྱུ་རྩལ་གྲོང་ཞེས་པའི་མཚོན་རྟགས་བསྐྲུན་རྒྱུ་རེད།
སྒྲོལ་ལྗང་།
རྒྱུས་ལོན་བྱུང་བ་ལྟར་ན་ལོ་ལྔའི་འཆར་གཞི་བཅུ་གཉིས་ཀྱི་དུས་སུ་བོད་ལྗོངས་ཀྱིས་ཐང་གའི་སྒྱུ་རྩལ་གྲོང་ཞེས་པའི་མཚོན་རྟགས་ཤིག་བསྐྲུན་རྒྱུ་རེད། དེས་ཐང་གའི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཁར། བོད་ལྗོངས་ཀྱིས་གཙགས་དྲུབས་དང་ཐང་གའི་འབྲི་བཞེངས་གཙོར་བྱས་པའི་ཐང་ག་མཆོག་གྱུར་དང་དཔར་མ་དག་གནས་སྐོར་ཚོང་རྫས་སུ་བྱས་པའི་ལམ་བུ་ཞིག་བསྐྲུན་རྒྱུ་རེད། ཐང་གའི་རང་བྱུང་ཚོན་ཆེན་འཛིན་སྤེལ་དང་། ཐང་གའི་འབྲི་བཞེངས་དང་བཟོ་རྩལ་འཛིན་སྤེལ་གཙིགས་སུ་བཟུང་ཐོག སྨན་ཐང་བྲིས་རྒྱུན་དང་། མཁྱེན་བརྩེའི་བྲིས་རྒྱུན། ཀརྨ་སྒར་བྲིས་ལུགས། བྱིའུ་སྒང་བའི་བྲིས་རྒྱུན་སོགས་བོད་ལྗོངས་ཀྱི་ཐང་གའི་ལུགས་སོ་སོའི་ལྷ་རིས་པ་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ནས་ཐང་གའི་སྒྱུ་རྩལ་གྲོང་ཞེས་པའི་མཚོན་རྟགས་ཤིག་བསྐྲུན་རྒྱུ་རེད།
དགུང་ལོ72ལ་སོན་པའི་སྨན་ཐང་བྲིས་རྒྱུན་གྱི་ཐང་གའི་རྒྱུན་འཛིན་པ་བསྟན་པ་རབ་བརྟན་ལགས་ཀྱིས་ཟླ6པའི་ཚེས12ཉིན་བསྡུས་པའི་ཐང་གའི་རྒྱུད་འཛིན་པའི་གླེང་སྟེགས་སྐབས་དང་པོའི་སྟེང་བཤད་རྒྱུར། ལྷ་རིས་པ་རྣམས་ཀྱིས་དེང་དུས་ཚོང་ར་ཅན་དུ་བསྒྱུར་བའི་འཕེལ་རིམ་ཁྲོད་སྲོལ་རྒྱུན་འཛིན་སྤེལ་སྒོས་བཟོ་རྩལ་དང་ཚོན་རྩིའི་ཐད་རང་སོར་འཇོག་དགོས་ཞེས་བརྗོད་པ་རེད།
ཐང་གའི་སྒྱུ་རྩལ་ལ་བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། ལོ་རྒྱུས་འཕེལ་རིམ་ཁྲོད་སྨན་ཐང་བྲིས་རྒྱུན་དང་། ཀརྨ་སྒར་བྲིས། རེབ་གོང་བྲིས་རྒྱུན་བཅས་ལུགས་གསུམ་དུ་གྲུབ། ཐང་ག་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མཆོད་བྱའི་རྟེན་འགངས་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་རིག་དངོས་བང་མཛོད་ཁྲོད་ཀྱི་གཙུག་ནོར་ལྟ་བུ་ཞིག་ཡིན་ལ། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐང་གའི་ཚོང་རའི་མདུན་ལྗོངས་ཀྱང་ཇེ་ཡངས་སུ་གྱུར་པ་རེད།
ལོ་ལྔའི་འཆར་གཞི་བཅུ་གཉིས་ཀྱི་དུས་སུ་ཐང་ག་དང་བོད་ཤོག་བཟོ་རྩལ་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རིགས15རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་འདེམ་ཐེངས་དང་པོ་དང་གཉིས་པའི་ཁྲོད་བདམས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com