སེ་ར་དགོན་པའི་ཚོགས་ཆེན་འདུ་ཁང་བསྐྱར་སྐྲུན་བྱེད་བཞིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-15 10:59:00 ཀློག་གྲངས།:


ཚོགས་ཆེན་འདུ་ཁང་གི་ཀླད་འགེབས་བཞིན་པ།

         ཉེ་ལམ།  སེ་ར་དགོན་པའི་ཚོགས་ཆེན་འདུ་ཁང་བསྐྱར་སྐྲུན་བྱེད་ཀྱི་ཡོད།  དེ་ཡང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་དབང་གིས་དགོན་པ་འདིའི་གྱང་ལྡེབས་ལ་གས་ཆག་བྱུང་ཞིང་། ཀ་སྡོང་ལ་སེར་ཁ་ཤོར་བ།  ཤིང་རུལ་བའམ་ཤིང་འབུའི་སྐྱོན་བྱུང་བ།  ཁང་བའི་ཀླད་ནས་ཆུ་ཐིགས་འཛག་པ་སོགས་ཀྱི་སྐྱོན་གང་མང་བྱུང་བར་བརྟེན་བསྐྱར་སྐྲུན་གྱི་ལས་འདི་འགོ་ཚུགས་ཤིང་། སྔར་གྱི་བཟོ་དབྱིབས་གཞིར་བཟུང་སྟེ་དེང་རབས་ཀྱི་ལག་རྩལ་རྣམ་པ་ཅུང་ཙམ་སྤྱད་ཡོད་པ་དང་།  གནའ་བོའི་འཛུགས་སྐྲུན་བདེ་འཇགས་སྲུང་སྐྱོབ་བྱེད་པའི་རྨང་གཞི་འགན་སྲུང་སྒོས་སྔར་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པ་རེད།


བསྐྱར་སྐྲུན་ཁྲོད་ཀྱི་ཚོགས་ཆེན་འདུ་ཁང་།

         ཚོགས་ཆེན་འདུ་ཁང་ནི་སེ་ར་དགོན་པའི་འདུ་ཁང་གཙོ་བོ་ཡིན་ཞིང་། དགོན་པའི་ཆོས་ལུགས་བྱ་འགུལ་སོགས་གནས་འདིར་སྤེལ་པ་ཡིན། བསྐྱར་སྐྲུན་ལས་གཞིའི་འགན་ཁུར་བ་སྤེན་པ་རྒྱལ་མཚན་གྱིས་མཚམས་སྦྱོར་བྱེད་རྒྱུར། བསྐྱར་སྐྲུན་ལས་གཞི་འདི་འགོ་མ་བརྩམས་གོང་འདུ་ཁང་ནས་གནས་སྤོ་བྱེད་ཐུབ་པའི་ཆོས་དཔེ་དང་ལྷ་སྐུ་སོགས་རིག་དངོས་རྣམས་གནས་སྐབས་སུ་གནས་གཞན་ལ་སྤོར་ཏེ་བདག་ཉར་ལེགས་པོ་བྱས་ཡོད་ཅིང་། གནས་སྤོ་བྱེད་མི་ཐུབ་པའི་ལྷ་སྐུ་ཆེ་གྲས་རྣམས་རས་དང་འགྱིག་ཤོག་སོགས་ས་རྡུལ་དང་ཆུ་སོགས་འགོག་ནུས་པའི་དངོས་པོས་སྲུང་སྐྱོབ་བྱས་ཡོད་པ་མ་ཟད་དགོན་པའི་གྲྭ་བཙུན་གྱིས་འགན་ཁུར་ཏེ་དོ་དམ་བྱེད་པ་ཡིན་ཟེར།


བསྐྱར་སྐྲུན་ཁྲོད་ཀྱི་ཚོགས་ཆེན་འདུ་ཁང་།

         རྒྱུས་ལོན་པ་ལྟར་ན། སེ་ར་དགོན་པའི་ཚོགས་ཆེན་འདུ་ཁང་བསྐྱར་སྐྲུན་ལས་གཞི་ནི་ད་ལོའི་ཟླ3པར་དངོས་སུ་འགོ་ཚུགས་ཤིང་། འདི་ནི་ད་ལྟའི་བར་སེ་ར་དགོན་པའི་གཞི་རྒྱ་ཆེས་ཆེ་བའི་བསྐྱར་སྐྲུན་ཐེངས་ཤིག་ཡིན་ལ། ཐེངས་འདིའི་བསྐྱར་སྐྲུན་ནི་གཙོ་བོ་སེ་ར་དགོན་པའི་ཚོགས་ཆེན་འདུ་ཁང་དང་། གཞི་རྩའི་གྲྭ་ཚང་གསུམ། དེ་མིན་ཁམས་ཚན་བཅས་སྲུང་སྐྱོབ་བསྐྱར་སྐྲུན་བྱེད་པ་ཡིན།   འདིར་མ་དངུལ་སྒོར་ཁྲི5000ཡས་མས་བཏང་བ་རེད།
         མིག་སྔར་ཚོགས་ཆེན་འདུ་ཁང་ཁང་ཀླད་ཀྱི་ཨར་ཀ་འདིང་བཞིན་ཡོད་ཅིང་། བསྐྱར་སྐྲུན་ལས་གཞིའི85%ལེགས་འགྲུབ་བྱུང་ལ། སྔོན་དཔགས་བྱས་པ་ལྟར་ན་ད་ལོའི་ཟླ8པའི་ཡས་མས་སུ་ལེགས་འགྲུབ་འབྱུང་རྒྱུ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།