ཀོང་པོའི་མདའ་འཆམ་གྱིས་གངས་ལྗོངས་ཀོང་པོ་ཡུལ་གྱི་ལོ་ངོ་སྟོང་གི་དཔའ་སྟོབས་དང་མཛེས་པ་མངོན་པ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-15 11:20:00 ཀློག་གྲངས།:


ཀོང་པོའི་མདའ་འཆམ་གྱི་ལོ་ངོ་སྟོང་གི་དཔའ་སྟོབས་དང་མཛེས་པ།

         སྐབས་དང་པོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་གྱི་གར་སྟེགས་སྟེང་། ཉམས་འགྱུར་སྟོང་གིས་ཕྱུག་ཅིང་ལོ་རྒྱུས་ཡུན་རིང་ལྡན་པའི་ཀོང་པོའི་མདའ་འཆམ་གྱིས་གངས་ལྗོངས་ཀོང་པོ་མི་དམངས་ཀྱི་དཔའ་སྟོབས་དང་མཛེས་པ་མངོན་ཡོད་པ་དང་། གནའ་བོའི་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་དངངོ་མཚར་རིག་གནས་མཚོན་པར་བྱས་ཡོད།


ཀོང་པོའི་མདའ་འཆམ་གྱི་ལོ་ངོ་སྟོང་གི་དཔའ་སྟོབས་དང་མཛེས་པ།

         ཀོང་པོའི་མདའ་འཆམ་ནི་བོད་ལྗོངས་ཀོང་པོ་ས་ཆའི་རྒྱུན་མཐོང་གི་མདའ་འཕེན་བྱེད་སྒོ་ཞིག་ཡིན་པ་དང་། བཤད་ཚུལ་ལ་ཀོང་པོའི་མདའ་འཆམ་ནི་ཀོང་པོ་ཡུལ་གྱི་རྒྱལ་པོ་ཨ་རྗེའི་དུས་ནས་བྱུང་བ་དང་། ད་ལྟའི་བར་དུ་ལོ་ངོ་1300ལོ་རྒྱུས་ལྡན་ཟེར།
         ཀོང་པོ་མདའ་འཆམ་གྱི་བྲོ་གཞས་ནི་འགྲན་བསྡུར་བརྒྱུད་ནས་འགྱུར་ཡོང་བ་དང། ཞབས་བྲོ་རྒྱག་དུས་གར་མཁན་ཕོ་མོ་རྣམས་འབེན་རའི་གཡས་གཡོན་གཞོགས་གཉིས་སུ་ཕྲེང་བསྒྲིགས་ནས་འགྲན་བསྡུར་དྲག་པོའི་ཁྲོད་ནས་སོ་སོའི་ལུང་པའི་མདའ་བར་མདའ་གླུ་ལེན་པ་དང་བྲོ་གར་འཁྲབ་ནས་འབེན་ལ་འཕོག་པར་ངར་ཤུགས་སྐུལ་བ།


ཀོང་པོའི་མདའ་འཆམ་གྱི་ལོ་ངོ་སྟོང་གི་དཔའ་སྟོབས་དང་མཛེས་པ།

         ད་ལྟའི་བར་མ་ཉམས་པར་བརྒྱུད་ཡོང་བའི་ཁྱད་འཕགས་ཀྱི་དམངས་ཁྲོད་རིག་གནས་འདི་ལ་སྲུང་སྐྱོབ་དང་རྒྱུད་འཛིན་དར་སྤེལ་ཡག་པོ་བྱུང་བ་མ་ཟད། བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞིའི་དཀར་ཆག་ནང་བཀོད་པ་དང་། དེ་ག་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་གར་སྟེགས་དེ་ལས་ཆེན་པོ་ཞིག་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།