གཙུག་ལག་ཁང་གི་ལྡེབས་རིས་ལ་ཐེངས་དང་པོར་ཞིག་གསོ་བྱེད་པ།
གཙུག་ལག་ཁང་གི་ལྡེབས་རིས་ལ་ཐེངས་དང་པོར་ཞིག་གསོ་བྱེད་པ།
འཛམ་གླིང་ཤུལ་བཞག་རིག་གནས་ཏེ་གཙུག་ལག་ཁང་གི་ལྡེབས་རིས་ལ་ཞིག་གསོ་བྱེད་པའི་བཟོ་གྲྭ་ཟླ6པར་འགོ་བརྩམས་ཤིང་། སྤྱིའི་མ་དངུལ་སྒོར་བྱེ་བ1ལྷག་བཏང་སྟེ་ལོ་གསུམ་གྱི་རིང་དུ་ཞིག་གསོ་བྱེད་རྒྱུ་ཡིན་པ་དང་། ཞིག་གསོ་བྱེད་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4000ལྷག་ཡོད་པ་རེད།
འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་ལོ་ངོ་མང་བོའི་རིང་དུ་རང་བྱུང་ཆར་རླུང་སོགས་ཀྱི་དབང་གིས་གཙུག་ལག་ཁང་གི་ལྡེབས་རིས་ལ་སེར་ག་དང་། ཆུ་འཛུམ་པ། གྱང་ངོས་ཞིག་རུལ་དུ་གྱུར་བ་སོགས་གནོད་སྐྱོན་ཚད་མི་འདྲ་བ་ཐེབས་འདུག་པས། 2009ལོ་ནས་བཟུང་། རྒྱལ་ཁབ་རིག་དངོས་ཅུས་ཀྲུང་གོ་ཤུལ་བཞག་རིག་གནས་ཞིབ་འཇུག་གླིང་ལ་མངག་བཅོལ་ནས་གཙུག་ལག་ཁང་གི་སྲུང་སྐྱོབ་གནས་བབ་ལ་རྟོག་ཞིབ་བྱས་པར་བརྒྱུད། ལྡེབས་རིས་ཀྱི་གནོད་སྐྱོན་ཐེབས་ཚུལ་ལ་རྒྱུས་ལོན་བྱུང་བར་མ་ཟད། ཞིག་གསོའི་འཆར་གཞི་ཚགས་དམ་པོ་ཞིག་གཏན་འབེབ་བྱས་པ་རེད།
ཐེངས་འདིའི་ཞིག་གསོ་ལ་གདོད་མའི་རྣམ་པ་ལྟར་ཞིག་གསོ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་སྟེ། སྲོལ་རྒྱུན་གྱི་བཟོ་རྩལ་དང་སྲོལ་རྒྱུན་གྱི་ཚོན་ཆེན་སྤྱད་ནས་ཞིག་གསོ་བྱེད་རྒྱུ་ཡིན་ཞིང་། འགོ་བརྩམས་ཟིན་པའི་རིམ་པ་དང་པོའི་བཟོ་གྲྭ་ནི་གཙོ་བོ་ནང་སྐོར་གྱི་སྐོར་ལམ་ཕྱི་ནང་གཉི་ཀའི་ལྡེབས་རིས་ལ་ཞིག་གསོ་བྱེད་བཞིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com