སྐབས་ལྔ་བའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་རོལ་མོའི་རོལ་དབྱངས་འདུ་ཚོགས་ཁྲི་ཀ་ནས་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-19 14:40:00 ཀློག་གྲངས།:


སྐབས་ལྔ་བའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་རོལ་མོའི་རོལ་དབྱངས་འདུ་ཚོགས་ཁྲི་ཀ་ནས་སྤེལ་བ།

          ཟླ6པའི་ཚེས17ཉིན། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་དོ་སྣང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ཁྱབ་སྤེལ། ལྗང་མདོག་དང་། མི་དང་རང་བྱུང་འཆམ་མཐུན་གྱི་དཔལ་ཡོན་འཚོ་བའི་འདུ་ཤེས་ལེགས་པོར་འདོན་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་།  པེ་ཅིང་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི་སྐབས་ལྔ་བའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་རོལ་མོའི་འབོད་པ2012ལོའི་འཛམ་གླིང་མྱ་ངན་ཐང་དང་ཐན་འགོག་ཉིན་མོ་བརྗོད་བྱར་བྱས་པའི་རོལ་དབྱངས་འདུ་ཚོགས་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་རྒྱུད་དུ་སྤེལ། 
          རེབ་འདིའི་རོལ་དབྱངས་ཚོགས་འདུའི་སྟེང་དུ་ནང་སོག་མི་རིགས་གླུ་གར་གླིང་གི་སོག་པོའི་ན་གཞོན་མཉམ་ལེན་ཚོགས་པ་དང་། ཀྲུང་དབྱང་ན་ཆུང་རྒྱང་སྒྲོག་མཉམ་ལེན་ཚོགས་པ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་མཉམ་ལེན་ཚོགས་པ་བཅས་ཞུགས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་གླུ་གར་གླིང་གི་རམ་འདེགས་རོལ་མོ་ཚོགས་པས་རམ་དཀྲོལ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།