སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་འགྲན་ཚོགས་མི་འགྱངས་པར་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-20 10:05:00 ཀློག་གྲངས།:

香格里拉
སེམས་ཀྱི་ཉི་ཟླའི་ཡུལ་གྱི་བཀོད་པ། 

  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་འགྲན་ཚོགས་དེ་ཟླ6པའི་ཚེས23ཉིན་ནས་བཟུང་སྤེལ་རྒྱུ་ཡིན་ཞིང་། འགྲན་ཚོགས་སྟེང་རྟ་རྩལ་འགྲན་སྡུར་དང་། དེ་ལས་གཞན་འགོ་རྩོམ་མཛད་སྒོའི་འཁྲབ་སྟོན་བྱ་འགུལ་དང་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་སོགས་སྤེལ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཉིན་ནི་སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་དུས་ཆེན་ཏེ་སྲོལ་རྒྱུན་གྱི་དུས་སྟོན་ཆེན་མོ་ཞིག་ཡིན། ཉེ་བའི་ལོ་ནང་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྟ་རྒྱུག་དུས་ཆེན་དེ་ཐོག་མའི་རྟ་རྒྱུག་དང་སྤྲོ་གསེང་ཁོ་ན་མ་ཡིན་པར་མི་རིགས་རིག་གནས་འགྲེམ་སྟོན་དང་། དཔལ་འབྱོར་འབྲེལ་འདྲིས། གནས་སྐོར་ལས་རིགས་འཕེལ་རྒྱས་སོགས་ཀྱི་སྤྲོ་ཚོགས་ཤིག་ཏུ་གྱུར་པ་རེད།
  སེམས་ཀྱི་ཉི་ཟླ་རྫོང་གིས་བགྲང་བྱ་བཅུ་ཡི་རིང་དུ་འཛམ་གླིང་གི་ཡུལ་སོ་སོའི་སྐྱེས་བུ་ཀུན་རྐང་དྲུག་བུང་བའི་ཚོགས་བཞིན་གནས་འདིར་བཀུག་ཅིང་། གནས་འདིར“ཡལ་ཟིན་པའི་ས་ངོས་སྙོམས་ཐིག”གམ“མི་ཡུལ་དུ་འཕོས་པའི་སུམ་རྩེན་གྲོང”སོགས་ཀྱི་མཚན་སྙན་གསོལ་ཡོད། སེམས་ཀྱི་ཉི་ཟླའི་ཡུལ་དུ་རང་བྱུང་ཐོན་ཁུངས་གྱ་ནོམ་པ་ཡོད་པའི་ཁར། གྲངས་ཉུང་མི་རིགས་ཀྱི་རིག་གནས་འོད་སྟོང་འབར་བ་ཡོད་པའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།