ཡུན་ནན་ཏུ་རེབ་གོང་ཐང་གའི་ཆེད་སྒྲིག་འགྲེམ་སྟོན་ཐེངས་དང་པོར་སྤེལ་བ།

སྒྱུ་རྩལ་འགྲེམ་སྟོན་གྱི་ཡུལ་དངོས།
ཟླ6པའི་ཚེས23ཉིན། “གསེར་མདོག་གི་རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམ་སྟོན”ཡུན་ནན་ཞིང་ཆེན་ཁཱོང་མིན་ནས་སྤེལ་བ་དང་། འདི་ནི་རེབ་གོང་ཐང་ག་ཡུན་ནན་ཏུ་ཐེངས་དང་པོར་ཆེད་སྒྲིག་འགྲེམ་སྟོན་བྱས་པ་ཡིན།
མཚམས་སྦྱོར་བྱས་པ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་སྟེང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལྷ་རིས་སྒྱུ་རྩལ་པ་ཤ་བོ་ཚེ་རིང་དང་བཀྲ་ཤིས་རྒྱ་མཚོ་སོགས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་མཆོག་ཏུ་གྱུར་པའི་ལྷ་རིས་པ་རྣམས་ཀྱིས་བཞེངས་པའི་ཐང་ག68ཡོད་ཅིང་། བརྩམས་ཆོས་དེ་དག་གི་ཚོན་མདངས་རྣམ་པར་བཀྲ་ཞིང་གསོན་ཉམས་ལྡན་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཡུལ་དེའི་ལྟད་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་ཏུ་འཕྲོག རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་ཟླ6པའི་ཚེས30ཉིན་བར་དུ་སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com






青公网安备63252102000006号