མཚོ་ལྷོ་ཆབ་ཆའིH1མཐོ་སྒང་བྱེ་ཐང་རླངས་འཁོར་འགྲན་རྒྱུག་སྐབས་དང་པོ་འགོ་བརྩམས་པ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-25 09:42:00 ཀློག་གྲངས།:


མཚོ་ལྷོ་ཆབ་ཆའིH1མཐོ་སྒང་བྱེ་ཐང་རླངས་འཁོར་འགྲན་རྒྱུག་སྐབས་དང་པོའི་འགོ་ཚུགས་མཛད་སྒོ།

  ཟླ6པའི་ཚེས24ཉིན། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་བཏུལ་ཐང་དུH1མཐོ་སྒང་བྱེ་ཐང་རླངས་འཁོར་འགྲན་རྒྱུག་སྐབས་དང་པོ་འགོ་བརྩམས་པ་རེད། ཐེངས་འདིར་རྒྱལ་ཡོངས་ཀྱི་མིང་དུ་གྲགས་པའི་རླངས་འཁོར་རུ་ཁག་སོ་གསུམ་ཞུགས་ཡོད། མཛད་སྒོའི་སྟེང་དུ་མཚོ་ལྷོ་ཁུལ་གླུ་གར་ཚོགས་པས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས།


རིག་རྩལ་འཁྲབ་སྟོན།

  H1མཐོ་སྒང་བྱེ་ཐང་རླངས་འཁོར་འགྲན་རྒྱུག་སྐབས་དང་པོ་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། མདོ་དབུས་མཐོ་སྒང་རྒྱལ་སྤྱིའི་རླངས་འཁོར་ལུས་རྩལ་མཐུན་ཚོགས་ཀྱིས་སྐུལ་སློང་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་བྱེ་ཐང་རླངས་འཁོར་འགྲན་རྒྱུག་ཆེ་གྲས་ཤིག་ཡིན།


H1མཐོ་སྒང་བྱེ་ཐང་རླངས་འཁོར་འགྲན་རྒྱུག

  སྐབས་འདིའི་འགྲན་རྒྱུག་གིས་མཛེས་སྡུག་གི་མཚོ་སྔོན་དང་དྭངས་གཙང་གི་མཚོ་ལྷོ་རུ“མི་དང་རླངས་འཁོར། རང་བྱུང་ཁམས”གཞི་གཅིག་ཏུ་འབྲེལ་བའི་ལུས་རྩལ་དང་རིག་གནས། གནས་སྐོར་གྱི་མི་ཆོས་རིག་གནས་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རེད། འགྲན་བསྡུར་གྱི་སྐབས་སུ་མཚོ་ལྷོ་ཁུལ་གྱིས་ད་དུང་ལ་གཞས་འཁྲབ་སྟོན་དང་མེ་ཕུང་དགོང་ཚོགས། སྐོར་བྲོ་སོགས་བཀོད་སྒྲིག་གྱ་ནོམ་པ་བྱས་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།