ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་པོའི་མཚན་མོ་ཞེས་པས་མདོ་དབུས་མཐོ་སྒང་གི་ཕྱི་རོལ་གནས་སྐོར་མཚོན་རྟགས་ལ་ཤུགས་སྣོན་པ།
མཚོ་སྔོན་པོའི་མཚན་མོ་ཞེས་པས་མདོ་དབུས་མཐོ་སྒང་གི་ཕྱི་རོལ་གནས་སྐོར་མཚོན་རྟགས་ལ་ཤུགས་སྣོན་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-06-29 11:21:00
ཀློག་གྲངས།:
ཟླ6པའི་ཚེས30ཉིན་ནས་ཟླ7པའི་ཚེས1ཉིན་བར་ཏུ། མཚོ་སྔོན་པོའི་མཛེས་ལྗོངས་དང་ཀྲུང་གོའི་ཕྱི་རོལ་གྱི་རྒྱུ་ཆ་དྲ་བ་གཉིས་མཉམ་འབྲེལ་བྱས་ནས་སྤེལ་བའི“མཚོ་སྔོན་པོའི་མཚན་མོ”ཞེས་པའི་ཚོགས་སྒར་དེ་མཚོ་སྔོན་པོའི་གླང་ཆེན་མཆེ་བའི་མཛེས་ལྗོངས་སུ་བསྡུ་རྒྱུ་རེད།
མཚོ་སྔོན་པོའི་མཐའ་འཁོབ་ཀྱི་ཕུན་སུམ་ཚོགས་པོའི་རང་བྱུང་མཛེས་ལྗོངས་ཐོན་ཁུངས་ཀྱིས་ཕྱི་རོལ་གྱི་ལུས་རྩལ་རིགས་སོ་སོ་སྤེལ་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་པས། སྐྱེ་ཁམས་གནས་སྐོར་གྱི་དགེ་མཚན་ལ་བརྟེན་ནས་གཙོ་བོ་རྐང་ཐང་དུ་སྐྱོད་པ་དང་། སྒར་རྒྱག་པ། བྱེ་ཐང་གི་ཉེན་རྒོལ། ལྕགས་རྟར་ཞོན་ནས་སྐྱོད་པ་སོགས་ཕྱི་རོལ་གྱི་ལུས་རྩལ་ཐོན་རྫས་འདོན་སྤེལ་ལ་ཤུགས་སྣོན་རྒྱུ་རེད། “མཚོ་སྔོན་པོའི་མཚན་མོ”ཞེས་པའི་ཚོགས་སྒར་གྱིས“ཡིད་དུ་འོང་བའི་མཚོ་སྔོན་པོ་དང་། ཆེས་དགའ་བའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཕྱི་རོལ་གནས་སྐོར་ལ་སྐུལ་བ”ཞེས་པ་བརྗོད་གཞིར་བཟུང་ནས་ཕྱི་རོལ་གྱི་སྒར་གྱི་བྱ་འགུལ་ཁྲོད་དྲ་ཚིགས8264དྲ་ཐོག་ཏུ་བསྡུས་ཏེ་ཡུལ་སོ་སོའི་སྤྲོ་སྐྱིད་ཁང་དང་། ཚོགས་མི8264། ཡུལ་སོ་སོའི་རླངས་འཁོར་སྤྲོ་སྐྱིད་ཁང་། བྱ་འགུལ་ལ་སྤྲོ་བ་ཡོད་མཁན་སོགས་ཀྱིས་མིང་ཐོ་བཀོད་ནས་བྱ་འགུལ་ཁྲོད་ཞུགས་ཆོག་ཅིང་། མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་ལ་གཟིགས་པ་དང་མཉམ་དུ། ཡིད་དུ་འོང་བའི་མཚོ་སྔོན་པོ་དང་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་དྲིལ་སྒྲོག་བྱེད་པ་དམིགས་བྱར་བཟུང་སྟེ་མཚོ་སྔོན་པོའི་མཛེས་ལྗོངས་ཀྱི་མཆོག་ཏུ་གྱུར་པའི་ཕྱི་རོལ་གནས་སྐོར་ཐོན་ཁུངས་མངོན་པ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།