ཡུན་ནན་དུ་སྨན་ལྷའི་བློས་བསླངས་དཀྱིལ་འཁོར་ལ་རབ་གནས་བྱེད་པའི་ཆོ་ག་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-02 10:04:00 ཀློག་གྲངས།:

世界最大药师佛立体坛城开光
སྨན་ལྷའི་བློས་བསླངས་དཀྱིལ་འཁོར།

དད་ལྡན་མང་ཚོགས་ཀྱིས་འདུ་ཁང་དུ་མཆོད་པ་འབུལ་བཞིན་པ།

  ཟླ6པའི་ཚེས28ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་འཛམ་གླིང་སྟེང་ཆེས་ཆེ་བའི་སྨན་ལྷའི་བློས་བསླངས་དཀྱིལ་འཁོར་ལ་རབ་གནས་བྱེད་པའི་ཆོ་ག་སྤེལ་བ་རེད། སྨན་ལྷའི་བློས་བསླངས་དཀྱིལ་འཁོར་དེ་རྫོང་མཁར་གྱི་རྡོ་རྗེ་འགྱུར་མེད་མགྲོན་ཁང་གི་ཁང་བརྩེགས་བདུན་པའི་ཐོག་བཞུགས་ཤིང་། འདུ་ཁང་གི་ཕྱོགས་བཞི་རུ་ལྡེབས་རིས་བཞེངས་འདུག་ལ། དེའི་དབུས་སུ་གསེར་ཆུ་བྱུག་པའི་དཀྱིལ་འཁོར་ཆེན་མོ་བཞེངས་འདུག 
  རྒྱུས་ལོན་བྱུང་བ་ལྟར་ན་དཀྱིལ་འཁོར་འདི་ནི་བློ་གྲོས་དགེ་འདུན་ལགས་ཀྱིས་བགྲང་བྱ་གསུམ་གྱི་རིང་དུ་བཞེངས་པ་ཡིན་ཞིང་། འཛམ་གླིང་སྟེང་ཆེས་ཆེ་བའི་སྨན་ལྷའི་བློས་བསླངས་དཀྱིལ་འཁོར་ཡིན་པ་སྟེ། ཞེང་ལ་སྨི6དང་སྲིད་ལ་སྨི4.5། གཟུངས་གཞུག་ལ་ཆོས་དཔེ་ཁག300། ལྷ་སྐུ75བཞེངས་འདུག   དཀྱིལ་འཁོར་ཧྲིལ་བོ་ཨ་གར་གྱི་སྡོང་པོ་རིགས1600ལྷག་སྤྱད་པ་དང་ཚོན་རྩི་ཡོངས་གཏེར་རིགས་ཡིན་པའི་ཁར། འཛམ་གླིང་སྟེང་རྩ་ཆེ་བའི་སྨན་རྫས་རིགས306ལྷག་བསྡུ་ཉར་བྱས་ཡོད།


སྨན་ལྷའི་དཀྱིལ་འཁོར་ཆེན་མོ་བཞུགས་པའི་རྡོ་རྗེ་འགྱུར་མེད་མགྲོན་ཁང་གི་ཕྱིའི་བཀོད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།